$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2013.11.07 ཡོང་ཁུངས།
0
0

—མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱི་ཐིན་ཀྲང་ཏང་ཞའོ་ཡུང་གིས་མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག

བཞའ་ཚན་ནི་ས་ངོས་ཀྱི་ཆུའི་ཕན་ཚུན་ལ་བྱེད་ནུས་ཐེབས་ཏེ་གྲུབ་པའི་ཁྱད་འཕགས་ཀྱི་སྐྱེ་ཁམས་མ་ལག་ཅིག་ཡིན། དེ་ནི་མིའི་རིགས་དང་སྐྱེ་དངོས་སྣ་མང་རང་བཞིན་གསོན་པའི་ཁོར་ཡུག་གལ་ཆེན་ཞིག་ཡིན་ལ། སའི་གོ་ལ་ཡོངས་ཀྱི་སྐྱེ་ཁམས་འགྱུར་ལྡོག་གི་ཚོར་སྐྱེན་ས་ཁུལ་དང་ཆ་འཕྲིན་མཛོད་ཅིག་རེད། བཞའ་ཚན་གྱི་རིག་གཞུང་གོ་དོན་ཁྲོད། རྒྱ་ཁྱོན་ལ་སྤྱི་ཆིང་བརྒྱད་ཡན་གྱི་མཚེའུ་བཞའ་ཚན་དང་། འདམ་རྫབ་བཞའ་ཚན། མིས་བཟོས་བཞའ་ཚན་དེ་མིན་ཞེང་ཚད་ལ་མུས་བཅུ་ཡན་དང་། རིང་ཐུང་ལ་སྟོང་མུས་ལྔ་ཡན་ཡོད་པའི་ཆུ་བོའི་བཞའ་ཚན་འདུ། ས་ཁམས་ཀྱི་སྐྱེ་ཁམས་ས་ཁུལ་ཁྱད་པར་བ་ཡིན་པས། འཛམ་གླིང་སྟེང་གི་གཞི་ཁྱ་ཆེས་ཆེ་བ་དང་མཚོ་ངོས་ལས་མཐོ་བའི་བཞའ་ཚན་གྱི་སྐྱེ་ཁམས་མ་ལག་བསྐྲུན་པ་དང་། ཆུ་རྒྱུན་གྱི་འཕྲེད་གཞུང་དང་། མཚེའུ་མང་བ། འདམ་རྫབ་རྒྱ་ཁྱབ་པ། གངས་རིའི་འཁྱག་རོམ་གསོ་སྤེལ་གྱི་རྣམ་པ་རྒྱ་ཆེ་བའི་བཞའ་ཚན་གྱི་སྐྱེ་ཁམས་མཛེས་ལྗོངས་ཆགས་ཡོད། ཁྱད་པར་དུ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གསོ་སྤེལ་བྱས་ཡོད་ལ། དེ་ནི་ཀྲུང་གོ་དང་ཡ་གླིང་གི་མི་གྲངས་དུང་ཕྱུར་བཅུའི་ཚེ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།