$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.02.25 ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།
0
0

གཙང་གསུམ་འབྱུང་ཡུལ་དུ་ཡང་བསྐྱར་གཞི་ཁྱོན་ཆེན་པོའི་ཨ་བྲའི་གནོད་པ་འགོག་བཅོས་བྱེད་པའི་བྱ་བ་ལག་བསྟར་བྱས། 

ཉེ་ལམ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་ཁྱོན་ཡོངས་ནས་མགོ་བརྩམས་པ་དང་བསྟུན་ནས། སྐོར་ཐེངས་གསར་བའི་གཙང་གསུམ་འབྱུང་ཡུལ་གྱི་ཨ་བྲའི་གནོད་པ་འགོག་བཅོས་བྱ་བ་ཡང་བསྐྱར་གཞི་ཁྱོན་ཆེན་པོས་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ཁྱོན་ཀུན་ནས་ལེགས་བཅོས་བྱེད་པར་ཁག་ཐེག་བྱས། 

མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་གཞི་ཁྱོན་མུའུ་དུང་ཕྱུར་ལྔ་བྱེ་བ་བདུན་ས་ཡ་བཞི་ཡིན་ཞིང་། བེད་སྤྱོད་ཆོག་པའི་རྩྭ་སའི་གཞི་ཁྱོན་མུའུ་དུང་བཞི་བྱེ་བ་བདུན་ས་ཡ་བཞི་ཡོད་པས། རྒྱལ་ཡོངས་ཀྱི་བེད་སྤྱོད་ཆོག་པའི་རྩྭ་སའི་གཞི་ཁྱོན་གྱི་བརྒྱ་ཆའི་བཅུ་བཞི་ལྷག་ཟིན་ལ། ཞིང་ཆེན་ཡོངས་ཀྱི་ས་ཆའི་གཞི་ཁྱོན་གྱི་བརྒྱ་ཆའི་ལྔ་བཅུ་ཡན་ཟིན་ཡོད། དུས་ཡུན་རིང་བོར། ནམ་ཟླ་དང་མི་བཟོས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་འོག མཚོ་སྔོན་ཞིང་ཆེན་གྱི་རྩྭ་ས་ཆེས་ཆེར་ཉམས་ཞན་དུ་གྱུར་ཏེ། ཨ་བྲའི་གནོད་པ་མང་དུ་འབྱུང་བཞིན་ཡོད། རྩྭ་ས་ཉམས་ཞན་དུ་གྱུར་བ་དེས་ཨ་བྲར་གནོད་པ་བཟོ་བར་ཁོར་ཡུག་གི་ཆ་རྐྱེན་བསྐ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།