ཐང་ཀ་ནི་བོད་དུ་དར་ཁྱབ་ཆེ་བའི་རི་མོའི་འབྲི་སྲོལ་གཙོ་བོ་ཞིག་ཡིན་ལ། ཐང་ཀའི་འབྲི་ལུགས་ལ་སྨན་ཐང་དང་། མཁྱེན་བརྩེ། སྒར་བྲིས་བཅས་གསུམ་ཡོད།
སྨན་ཐང་ལུགས་ནི་ཉེ་རབས་བོད་དུ་དར་ཁྱབ་ཆེ་བའི་འབྲི་ལུགས་ཤིག་ཡིན་ཞིང་། མིང་གཞན་ལ་སྨན་བྲིས་ལུགས་ཀྱང་ཟེར། ལྷ་ས་ལྟེ་བ་ཡིན་པའི་དབུས་གཙང་ས་ཁུལ་དུ་དར་ཁྱབ་ཆེ། སྨན་ཐང་ཟེར་དོན་ནི་ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་མཁན་སྨན་བླ་དོན་གྲུབ་རྒྱ་མཚོ་ནི་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས་བས་དེ་ལྟར་ཐོགས། སྨན་བླ་དོན་གྲུབ་རྒྱ་མཚོ་ནི་དུས་རབས་བཅོ་ལྔ་བའི་ལོ་རབས་ཉི་ཤུ་སུམ་ཅུ་ཡས་མས་སུ་སྐུ་འཁྲུངས་པ་དང་། ཁོང་ནི་རི་མོའི་འབྲི་རྩལ་ལ་ཤིན་ཏུ་བྱང་ཆུབ་པར་མ་ཟད། རིགས་པའི་གཞུང་ལུགས་ཐད་ནས་ཀྱང་ཉམས་ལེན་ཐོགས་མེད་མཛད་དེ་སྨན་རྙིང་ལུགས་ཀྱི་སྨན་ཐང་ཆེན་མོ་ཞེས་པ་གསར་གཏོད་གནང་། ཁོང་གིས་བརྩམས་པའི་ཆ་ཚད་ཡིན་བཞིན་ནོར་བུ་ཞེས་པའི་བོད་ཀྱི་གཟུགས་བཟོའི་གཞུང་ལུགས་ནང་དུ་རི་མོ་དང་ལྷ་སྐུ་བཞེངས་པའི་ཆ་ཚད་ཞིབ་ཏུ་གསལ་འགྲེལ་གནང་ཡོད་པ་ལས་གཞན། དཔེ་ཆ་ཁ་ཤས་ནང་དུ་ཆ་ཚད་ལ་ནོར་འཁྲུལ་ཤོར་ཡོད་པ་དག་བཅོས་དང་ལག་ལེན་བསྟར་ཐབས་གསུངས་ཡོད། མིང་རྒྱལ་རབས་ཐའེ་ཁྲང་སྲིད་ལོ་དང་པོ་ནས་ཆིང་རྒྱལ་རབས་ཀྱི་ཁང་ཤིས་ཁྲི་ལོ་བཞི་བའི་བར་གྱི་སྐད་གྲགས་ཆེ་བའི་ལྷ་རི