ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། ཀྲུང་དབྱང་སྲིད་གཞུང་དྲ་བས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔར་འགྲེམ་བྱས་པའི«མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་ལམ་ལུགས་གཅིག་གྱུར་བྱེད་པའི་སྐོར་གྱི་བསམ་འཆར»བརྒྱུད་བསྒྲགས་བྱས་ནས། རྗེས་ཕྱོགས་སུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྣམ་པ་གསར་བའི་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་འགན་སྲུང་ལམ་ལུགས་དང་མཁར་གྲོང་སྡོད་དམངས་ཀྱི་སྤྱི་ཚོགས་རྒན་གསོ་འགན་སྲུང་ལམ་ལུགས་གཉིས་མཉམ་བསྲེས་ལག་བསྟར་བྱེད་པ་གཏན་འཁེལ་བྱས། དེས་རང་རྒྱལ་གྱིས་མ་འོངས་པར་ མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་ལམ་ལུགས་དེ་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་རྒྱུ་ཡིན་པ་མཚོན་ཐུབ།
མཁར་གྲོང་སྡོད་དམང་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་ལམ་ལུགས་གཅིག་གྱུར་བྱས་རྗེས། རྒན་གསོ་འགན་སྲུང་དུ་ཞུགས་མཁན་ལ་དངོས་ཕན་གང་དག་ཐོབ་བམ།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཞའོ་ཡིས་ཚེས་ཉེར་དྲུག་ཉིན་རྒྱལ་ཁབ་གསར་འགྱུར་གཞུང་སྒྲུབ་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཁེ་ཕན་ངོ་མ་ཐོབ་མཁན་ནི་མཁར་གྲོང་ཕན་ཚུན་བར་དུ་འཁོར་སྐྱོད་བྱེད་བཞིན་པའི་ཚོགས་སྤྱི་སྟེ། ཞིང་བའི་ལས་བཟོ་བ་ད