ཏ་ལའི་ལོ་མའི་དཔེ་ཆ་ནི་གནའ་བོའི་རྒྱ་གར་ནས་བྱུང་བ་ཡིན་ལ། ཤོག་བཟོའི་ལག་རྩལ་རྒྱ་གར་དུ་མ་དར་གོང་རྒྱ་གར་བས་ཏ་ལའི་ལོ་མའི་སྟེང་དུ་ཡི་གེ་འབྲི་བའི་སྲོལ་ཡོད། ནང་བ་སངས་རྒྱས་པས་ཀྱང་ཏ་ལའི་ལོ་མའི་སྟེང་དུ་ནང་པའི་གསུང་རབ་དང་སྐུ་འདྲ་བྲིས་པར་བརྟེན་ཏ་ལའི་ལོ་མའི་དཔེ་ཆ་ཞེས་པའི་མིང་ཡང་དེ་ལྟར་ཐོགས། ཏ་ལའི་ལོ་མ་ནི་ལོ་སྟོང་ཕྲག་འགོར་ཡང་རལ་རྒྱུ་མེད་པར་མ་ཟད་ཡིག་གཟུགས་ཀྱང་གསལ་ལ་ངོས་འཛིན་པར་བདེ་བ་ཡིན། ཏ་ལའི་ལོ་མའི་སྟེང་དུ་བྲིས་པའི་ཚད་ལྡན་ཡིག་ཆ་ནི་མིག་སྔར་འཛམ་གླིང་ཚད་ལྡན་ཡིག་ཆའི་ཁྲོད་ཀྱི་གདོད་མའི་དཔྱད་ཡིག་རྩ་ཆེན་གྱི་གྲས་ཡིན་པ་ལས་གཞན་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།
བོད་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་ཚད་ལྡན་ཡིག་ཆ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ནང་གི་འོད་དུ་འཚེར་བའི་མུ་ཏིག་ལྟ་བུ་ཡིན་ལ། གནའ་བོའི་རྒྱ་གར་གྱི་རིག་གནས་དང་རང་རྒྱལ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤེལ་བའི་ལོ་རྒྱུས་ཀྱི་དཔང་བོའང་ཡིན། ཉེ་བའི་ལོ་འགར་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་གནང་བར་བརྟེན་རང་སྐྱོང་ལྗོངས་ཀྱིས་བོད་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མར་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པར་གྲུབ་འབྲས་གཡུར་ཟ་བ་ཐོབ།
ཏང