$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.03.10 ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།
0
0

མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་གཙང་བོ་གསུམ་གྱི་མགོ་ཁུངས་ཡིན་པས། མིང་ལའང་གཙང་གསུམ་མགོ་ཁུངས་ཞེས་འབོད་པ་རེད།

སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དགུ་སྟོང་ལྔ་ལྷག་ཡོད་པའི་ངོ་མཚར་ཆེ་བའི་ཡུལ་གྲུ་འདིར། གཙང་བོ་དང་མཚེའུ། ན་འདམ། བརླན་ས། འཁྱགས་རོམ་བཅས་ཀྱིས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ཁེབས་ཡོད་པ་དང་། དེང་རབས་འཛམ་གླིང་ཡོངས་ཀྱི་འཁྱགས་རོམ་གཅིག་འདུས་ཀྱི་གནས་ཤིག་ཡིན། དེ་ནི་ཡ་གླིང་དང་ཐ་ན་འཛམ་གླིང་གི་གཙང་བོ་ཆེ་གྲས་དག་གཅིག་བསྡུས་སུ་གནས་ཡོད་པའི་ས་ཁུལ་ཡང་ཡིན། གཙང་བོ་གསུམ་གྱིས་ལོ་རེར་ཆུ་བོའི་དབུས་རྒྱུད་དང་སྨད་རྒྱུད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་ལྔ་ལྷག་མཁོ་འདོན་བྱས་ནས། ཀྲུང་གོའི་མི་གྲངས་ཕྱེད་ལྷག་གི་འཐུང་ཆུ་ཐག་གཅོད་བྱས་ཡོད་པས། མི་རྣམས་ཀྱིས་དེ་ལ“ཀྲུང་ཧྭའི་ཆུ་མཛོད”དང“སའི་གོ་ལའི་མཁལ་མ”རུ་འབོད་ཀྱིན་ཡོད། ཀྲུང་གོའི་ཁོར་ཡུག་སྲུང་སྐྱོབ་རིག་པ་བ་ཚོས་གཙང་གསུམ་འབྱུང་ཁུངས་ནི་ཀྲུང་གོ་དང་ཡ་གླིང་ཤར་ལྷོའི་གཙང་ཆུའི་མགོ་ཁུངས་ཡིན་པ་མ་ཟད། མི་གྲངས་དུང་ཕྱུར་ལྷག་གི་ཚེ་སྲོག་གི་འབྱུང་ཁུངས་ཀྱང་ཡིན་ལ། ཆུ་རྒྱུན་འབབ་ཡུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་ར

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།