ཏུའུ་ལན་རྫོང་གིས“དཔལ་འབྱོར་ལ་དམིགས་ནས་ཏང་འཛུགས་བྱ་བ་དམ་འཛིན་དང་། ཏང་འཛུགས་བྱ་བ་ལེགས་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཅེས་པའི་བསམ་ཕྱོགས་དམ་པོར་བཅངས་ཏེ། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱ་བར་འཆར་འགོད་དང་གསར་གཏོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་བྱ་བ་དེ་དཔལ་འབྱོར་བྱ་བ་དང་གཞི་གཅིག་ཅན་དང་། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བའི་འཛུགས་སྐྲུན་བཟང་ཞིང་མགྱོགས་པའི་ངང་འཕེལ་བར་རྩ་འཛུགས་ཀྱི་སྟེང་ནས་ཁག་ཐེག་བརྟན་པོ་ཞིག་འདོན་སྤྲོད་བྱས།
སྡེ་བ་རིམ་པའི་ཚན་ཁག་འཛུགས་སྐྲུན་ལེགས་འཛིན་བྱས་པ་དང་། ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི“སྣེ་ཁྲིད་པ”བཀོད་སྒྲིག་ལེགས་པོ་བྱས། ཏུའུ་ལན་རྫོང་གིས་དོན་དངོས་ལ་དམིགས་ཏེ། རོང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་ཡོང་ཁུངས་སྔར་ལས་རྒྱ་བསྐྱེད་པ་དང་། འཇོན་མིའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚན་ཁག་གི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་། གཅིག་ནི་ཚན་ཁག་གི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་བ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འབྲེལ་བ་སྔར་ལས་མཐུན་སྦྱོར་ཡོང་དུ་འཇུག་ཆེད། སྡེ་བའི་ཏང་