དང་པོ། མཚོ་ལྷོས་མ་དངུལ་སྒོར་དུང་ཕྱུར་ང་ལྔ་བཏང་ནས“དམངས་སེམས་བཟོ་འགོད”ཀྱི་རྣམ་གྲངས་སུམ་ཅུ་ལག་ཏུ་བསྟར་རྒྱུ་རེད།
2014ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར་ང་ལྔ་བཏང་ནས“དམངས་སེམས་བཟོ་འགོད”ཀྱི་རྣམ་གྲངས་སུམ་ཅུ་ལག་ཏུབསྟར་རྒྱུ་རེད།
ད་ལོར་མཚོ་ལྷོ་ཁུལ་གྱིས་ལག་ཏུ་བསྟར་བར་ཁས་བླངས་པའི“དམངས་སེམས་བཟོ་འགོད”ཀྱི་རྣམ་གྲངས་སུམ་ཅུ་ཡོད་པ་དེ་རེ་རེའི་ནང་དུ་མང་ཚོགས་ཀྱི་འདོད་བློ་མངོན་ཞིང་མང་ཚོགས་ཀྱི་དགོས་མཁོ་མཚོན་ཡོད། དེའི་ནང་ཆུ་བེད་ཕྱོགས་ནས་ཆུ་མ་ས་ཁུལ་གྱི་གྲོན་ཆུང་གི་བསྒྱུར་བཅོས་དང་རོང་འབྲོག་ས་ཁུལ་གྱི་འཐུང་ཆུའི་བདེ་འཇགས། ཉེན་ཁའི་ཆུ་མཛོད་ཇེ་བརྟན་དུ་གཏོང་བ། གྲམ་པ་བཅོས་སྐྱོང་སོགས་ཀྱི་བཟོ་འགོད་སྐོར་ཞིག་ལག་ཏུ་བསྟར་རྒྱུ་རེད། དེ་དག་ལག་ཏུ་བསྟར་ན། ས་ཞིང་མུའུ་ཁྲི་བཞི་ལྷག་གི་ཞིང་ཁའི་ཆུ་འདྲེན་རྒྱ་ཁྱོན་ཇེ་ལེགས་དང་། མི་ཁྲི་གཉིས་དང་སྟོང་བརྒྱད་ལྔ་བརྒྱ་དང་ཕྱུགས་ཟོག་འབུམ་གཉིས་དང་ཁྲི་ལྔ་ཡི་འཐུང་ཆུའི་བདེ་འཇགས་ཐག་གཅོད་ཐུབ། གློག་ཤུགས་ཀྱི་ཕྱོགས་ནས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་བཏང་སྟེ། རོང་འབྲོག་ཁུལ་གྱི་གློག་དྲའི་བཟོ་