ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་མཛེས་སྡུག་ཀྲུང་གོ་བསྐྲུན་པར་དམ་པོར་དམིགས་པ་དང་། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མྱུར་དུ་བཙུགས་ཏེ། རྒྱལ་ཁོངས་གསར་སྤེལ་དང་། ཐོན་ཁུངས་གྲོན་ཆུང་གིས་བེད་སྤྱོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྒྲིལ་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་པའི་ཚུན་ལ། ས་གནས་ཁག་དང་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཉིན་བཞིན་འབུར་དུ་ཐོན་པའི་ཐོན་ཁུངས་ཁོར་ཡུག་གི་གནད་དོན་ཐག་བཅད་དེ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཏེ། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་ངང་འཕེལ་རྒྱས་འབྱུང་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཞིག་ཆགས་ཡོད།
ཐོན་སྐྱེད་ནུས་ཤུགས་ཇེ་ཆེར་གཏོང་ན་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ཁོ་ནར་མི་བལྟ་བར་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས།
ཉེ་ལམ། རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་དུ་བསྟུད་མར་ཉིན་བཅུ་ཕྲག་འགར་རྡུལ་སྨུག་འཐིབས་པ་དང་། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐའ་འཁོར་ས་ཁུལ་ག