ད་ལོའི་དཔྱིད་ཀའི་སློབ་མགོ་རྩོམ་དུས། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ལིག་ཡོན་ལ་སྒོར་མོ་ཁྲི་གཉིས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའི་དངུལ་ཐོབ། ཁོས་བཤད་རྒྱུར། “ད་ལོར་བྱ་དགའི་དངུལ་འདི་ཐོབ་པས་ངས་སེམས་བདེ་མོས་ངང་རང་གི་སློབ་སྦྱོང་གི་ལས་འགན་ལེགས་འགྲུབ་བྱས་ཆོག”ཟེར། རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པ་དེས་རང་ཞིང་དུ་གྲ་སྒྲིག་སློབ་གསོ་ནས་འོས་འགན་སློབ་གསོ་དང་མཐོ་འབྲིང་དཀྱུས་མ་ནས་འབྲིང་རིམ་ལས་རིགས་སློབ་གསོ། དངོས་གཞི་དང་ཆེད་སྦྱོང་སློབ་གསོ་དང་ཞིབ་འཇུག་སློབ་མའི་སློབ་གསོ་བཅས་མྱོང་བའི་སློབ་མ་རྣམས་རྒྱལ་ཁབ་ཀྱི་བྱ་དགའི་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་ཚུད་པ་མངོན་འགྱུར་བྱས།
ཉེ་བའི་ལོ་འགའི་རིང་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོན་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་གྱིས་གྲ་སྒྲིག་སློབ་གསོ་ནས་འོས་འགན་སློབ་གསོ་དང་མཐོ་འབྲིང་དཀྱུས་མ། འབྲིང་རིམ་ལས་རིགས་སློབ་གསོ། ཆེད་སྦྱོང་དང་དངོས་གཞིའི་སློབ་གསོ་མྱོང་བའི་སློབ་མ་རྣམས་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་སུ་ཚུད་པར་བྱེད་པའི་རྨང་གཞིའི་སྟེང་། ན་ནིང་ནས་བཟུང་སྟེ། ཞིབ་འཇུག་སློབ་མའི་བྱ་དགའི་དངུལ་གྱི་སྲིད