མཚོ་བྱང་བོད་རང་སྐྱོང་ཁུལ་མིན་ཡོན་རྫོང་འབྲུ་གུ་ཞང་གི་སྡེ་འཛོམ་སྡེ་བ་ནི་བོད་ཁྱིམ་རེ་གསུམ་ལས་གྲུབ་པའི་རི་གྲོང་ཆུང་ཆུང་ཞིག་ཡིན་པ་དང་། སྡེ་བ་དེ་ཡོད་ས་ནི་རི་མཐོ་ཞིང་ལུང་བ་ཟབ་པའི་དབང་གིས་ཕྱི་ལ་འགྲོ་ན་སྤྱི་ལེ་བཅུ་བཞིའི་རྐང་ལམ་ཞིག་ལས་མེད། ཁྱིམ་ཚང་རེ་གསུམ་གྱི་བརྒྱ་ཆའི་གྱ་ལྔའི་སྡོད་ཁང་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྐབས་སུ་ལས་པ་ཡིན་པས། སྡོད་ཁང་མང་པོ་ཞིག་རལ་དུ་གྱུར་འདུག 2011ལོར་སྡེ་བའི་ཁང་རྙིང་སྒྱུར་བཀོད་བྱེད་སྐབས། གནད་དེར་རླངས་འཁོར་དང་ཞིང་སྤྱོད་འཁོར་གསུམ་སྐྱོད་དཀའ་བའི་དབང་གིས་ཁྱིམ་ཚང་བཅུ་གཅིག་གིས་ར་ལུག་ལ་སོ་ཕག་བཀལ་དེ་སྡོད་ཁང་མི་རྩིག་ག་མེད་བྱུང་། ར་ལུག་རེ་ལ་སོ་ཕག་གཉིས་རེ་བཀལ་ནས་ཀྱང་ཀྱོག་གི་རྐང་ལམ་ཕྲ་མོ་དེ་བརྒྱུད་པའི་དཀའ་ཚེགས་ཀྱི་སྣང་ཚུལ་དེ་ཀུན་གྱི་ཡིད་སྐྱོ་བའི་གླེང་གཞིར་གྱུར་ཡོད།
སྡེ་བའི་ནང་དུ་ཆུ་འདྲེན་སྦུག་ལམ་མེད་སྟབས། མི་ཕྱུགས་གཉིས་ཀའི་འཐུང་ཆུ་དེ་སྤྱི་ལེ་གཉིས་གསུམ་ཙམ་གྱི་མཚམས་སུ་ཡོད་པའི་རང་བྱུང་གི་ཆུ་མིག་དང་ཆུ་ཕྲན་ལ་བརྟེན་དགོས་བྱུང་། དགུན་དཔྱིད་དུས་ཚིགས་སུ་ལམ་ལ་དར་ཆགས་སྐབས་འཐུང་ཆུ་ལེན་པར་དེ་བས་ཀྱང་དཀའ་ཁག་ཆེ། སྡེ་བ་དེའི་ཁྱིམ་ཚང་གསུམ་ཐར་ཐོར་དུ་བསྡད་ཡོད་པའི་དབང་གིས་ཞིང་སྡེའི་གློག་