དེ་རིང་ང་ཚོ་ཡང་བསྐྱར་ཆག་འཇིགས་རྗེས་ཀྱི་ཞིག་རོ་དང་གདུང་བའི་ངུ་འབོད་ཀྱིས་ཁེངས་མྱོང་བའི་གནས་འདི་བརྒྱུད་སྐབས། བསྐྱར་བསྐྲུན་རྗེས་ཀྱི་ཡུས་ཧྲུའུ་གསར་བ་དེས་ཀུན་ལ་ཧ་ལས་སུ་འཇུག་པའི་ཚོར་བ་ཞིག་བཅོས་མིན་དུ་བསྟེར། ངོ་མཚར་བའི་བཀད་པ་དེ་ནི་མི་རིགས་ཕན་ཚུན་རོགས་རམ་བྱེད་པའི་ཆུ་དང་འོ་མ་ལྟ་བུའི་བརྩེ་བ་ཟབ་མོ་དང་། རྒྱལ་ཁམས་གོང་བུ་གཅིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་གི་ཀྲུང་གོའི་སྙིང་སྟོབས། བློ་བརྟན་འགྱུར་མེད་དང་དཀའ་ཁག་ལ་འགྲན་སློང་ཕོད་པ། དྲིན་འཇལ་ཡར་བརྩོན་ཀྱི་ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་སྙིང་སྟོབས་ལས་བསྐྲུན་པ་རེད།
རོགས་བསྐྲུན་དཔུང་ཚོགས་ཁྲི་ཕྲག་མང་པོ་དང་ཡུས་ཧྲུའུ་ཡི་ལས་བྱེད་པ་མང་ཚོགས་ཀྱིས་ལོ་བཞིའི་རིང་དཀའ་བ་མང་པོ་ཁྱད་དུ་བསལ་བ་དང་། འཁོར་སྐྱོད་དཔལ་འབྱོར་སྔོན་སྤེལ་ས་ཁུལ་དང་། སྐྱེ་ཁམས་དཔལ་ཡོན་སྔོན་སྤེལ་ས་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྤེལ་ས་ཁུལ་གསུམ་ཞེས་པའི་ཁུལ་གསུམ་འཐབ་ཇུས་ཀྱི་མཛུབ་སྟོན་འོག་ཏུ་ཡུས་ཧྲུའུ་གསར་བའི་ཡིད་འོང་ལྟ་ན་སྡུག་པའི་རི་ཀླུང་དང་ཡུལ་ལྗོངས་བསྐྲུན་ཡོད།
“ཁུལ་གསུམ”འཐབ་ཇུས་ནི་མཚོ་སྔོན་གྱི་ཐོན་ཁུངས་དང་སྐྱེ་ཁམས། བརྟན་འཇགས་གསུམ་གྱི་འཐབ་ཇུས་ཆེན་པོ་གསུམ་གྱི་གོ