ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་རྡལ་ཅན་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས་ཞེས་པའི་འཐབ་ཇུས་བཀོད་སྒྲིག་བཏོན་པ་དེས། ཏང་དང་རྒྱལ་ཁབ་ཀྱི་ཆ་འཕྲིན་ཅན་དེས་བཟོ་ལས་ཅན་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མཐོང་རྒྱ་ཡངས་པོ་དེ་གང་ལེགས་ཀྱིས་མཚོན་འདུག
རང་ཞིང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱིས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས། ཡིན་ནའང་། རིམ་པ་སྔར་ལས་མཐོ་བའི་དེང་རབས་ཅན་གྱི་ཁྱད་ལྡན་ཞིང་ཕྱུགས་ལས་དང་། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏང་དགོས་ན། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་སྐྲུན་དང་ཁྱབ་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པའི་ནུས་པ་ཧུར་བརྩོན་གྱིས་འདོན་སྤེལ་གང་ལེགས་བྱས་ཏེ། ཆ་འཕྲིན་ཅན་གྱིས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་དེང་རབས་ཅན་ལ་ཡར་སྐུལ་གྱི་ནུས་པ་འདོན་དུ་འཇུག་དགོས།
མཚོ་སྔོན་ཞིང་ཆེན་གྱི་ས་རྒྱ་ཆེ་བས། ཆ་འཕྲིན་ཅན་འཛུགས་སྐྲུན་གྱིས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་སྐྲུན་དང་ཁྱབ