ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«གཞི་རིམ་གྱི་ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«གཞི་རིམ་གྱི་ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་གྱིས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱ་དགོས་པའི་བླང་བྱ་བཏོན།
«བསམ་འཆར»ལས་བསྟན་དོན། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་བྱ་བ་དང་འཐབ་འཛིང་ནུས་པ་ཐམས་ཅད་ཀྱི་རྨང་གཞི་ཡིན་ལ། མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ལས་འགན་གཏན་འབེབ་བྱེད་པའི་འཐབ་འཛིང་གི་བཙན་རྫོང་ལྟ་བུ་ཡིན། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བ་གསར་གཏོད་དང་། གཞི་རིམ་གྱི་ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་བཀོ