ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱིས་རྨ་ལྷོ་ཁུལ་ཐུན་རིན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་མཛུབ་སྟོན་བྱེད་སྐབས་གཏམ་བཤད་གལ་ཆེན་སྤེལ་ཏེ། ཅིས་ཀྱང་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་དམིགས་ཡུལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་ཕྲག་ཏུ་ལེན་ཕོད་པ། ཏང་ནང་གི་འཚོ་བ་ནན་མོ་བཅས་བྱེད་དགོས་པའི་རེ་བ་བཏོན། ཧྲུའུ་ཅི་ལའོ་ཧོས་ཉིན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བདེ་བླག་ངང་འཚོགས་ཆེད། རྨ་ལྷོ་ཁུལ་ཏང་ཨུས་བཀོད་སྒྲིག་ཞིབ་རྒྱས་དང་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། གསལ་འདེབས་དང་ལེན་རྒྱུན་འཁྱོངས་དང་གཏིང་ཟབ་ཏུ་ཞིབ་བཤེར་དབྱེ་ཞིབ་བྱེད་པ་སོགས་ཀྱི་ཐད་ནས་མགོ་བརྩམས་ཏེ། ཧུར་ཐག་གིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པར་གྲ་སྒྲིག་ལེགས་པོ་བྱས།
སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ། སྔ་སྣུར་སྒོས་འཚོ་བའི་ཚོགས་འདུ་འཚོགས་པར་གྲ་སྒྲིག་གང་ལེགས་བྱས། ཚད་གཞིས་སྤུས་ཚད་ཐག་གཅོད་བྱེད་པ་ཡིན་པས། ཚད་གཞི་མཐོན་པོ་རྒྱུན་འཁྱོངས་བྱས་ན་ད་གཟོད་སྤུས་ཚད་མཐོན་པོར་བསླེབ་ཐུབ། རྨ་ལྷོ་ཁུལ་ཏང་ཨུས་སྔ་གཞུག་ཏུ་