ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནི་ཚང་མས་ཕྱིར་དྲན་བྱེད་འོས་པའི་ཉིན་མོ་ཞིག་སྟེ། ཉིན་དེར་ཞིང་ཆེན་ཡོངས་ཀྱི་ཚོད་སླེ་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་ནས་ཚོགས་པ་དང་། ཚོགས་ཐོག་ཏུ་ཚོད་སླེ་ལས་དོན་དེ་ཐོག་དང་པོར་མི་དམངས་འཚོ་བའི་ལས་དོན་ཨང་དང་པོར་བཞག་པ་དང་། ཚོད་སླེ་འཛུགས་སྐྲུན་བྱ་རྒྱུ་དེ་འཐབ་ཇུས་གལ་ཆེན་དུ་བཟུང་ནས་མཐོང་ཆེན་མཛད་ལ། ཚོང་ཟོག་རིན་གོང་སྙོམས་རྒྱུ་དང་ཚོད་སླེ་ཕུན་སུམ་ཚོགས་པར་གཏོང་རྒྱུ་སོགས་དམངས་འཚོ་གནད་དོན་དག་ལ་སྔར་ལས་ལྷག་པའི་སྒོ་ནས་་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་འཚོ་དང་དམངས་འཚོ་ཁག་ཐེག་བྱ་བ་གཙིགས་སུ་བཟུང་བའི་བློ་ཐག་དང་ཡིད་ཆེས་དེ་མང་ཚོགས་རྣམས་ལ་ཤེས་སུ་བཅུག
དུས་ཚོད་ནི་ཆུ་བོའི་རྒྱུན་བཞིན་བཞུར་ནས་ཡང་བསྐྱར་ལོ་གཅིག་གི་ཟླ་དྲུག་པའི་ཚེས་གཅིག་ཉིན་སླེབས་བྱུང་། དུས་མཚམས་འདི་བྱས་ཏེ་ལོ་གཅིག་རིང་གི་ཚོད་སླེ་བྱ་བའི་འཛུགས་སྐྲུན་གྲུབ་འབྲས་སྡོམ་རྩིས་བྱས་ཚེ། མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་གཉིས་ཡས་མས་ཡོད་པའི་མཚོ་ཤར་གྲོང་ཁྱེར་ནས་མཐོ་ཚད་ལ་མུས་སྟོང་བཞི་ལྷག་ཡོད་པའི་ཡུས་ཧྲུའུ་དང་། མགོ་ལོགས་ཁུལ་ནས་ཚོད་སླེ