རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པར་སློབ་སྦྱོང་བྱེད་པ་དེ་ཏང་ཡོན་སློབ་གསོའི་དོ་དམ་བྱ་བ་དང་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་ཏང་ཡོན་ལས་བྱེད་པ་ཞིང་སྡེ་དང་སྡོད་ཁུལ་དུ་བསྐྱོད་པའི་བྱ་བ་དང་ཟུང་འབྲེལ་བྱེད་པ། སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་ཏང་འཛུགས་སྐྲུན་བྱ་བའི་འགན་འཁྲི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བྱས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པར་སློབ་སྦྱོང་བྱེད་པ་དེ་ཆབ་སྲིད་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ཏེ། སེམས་ཞིབ་མོས་རྩ་འཛུགས་དང་རིགས་བཀར་ནས་མཛུབ་སྟོན། སྐུལ་འདེད་དམ་འཛིན་བཅས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ར