$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.07.23 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ཧོར་སྡེ་བ་ནི་སྐད་གྲགས་ཆེ་བའི་“རྡོ་བརྐོས་སྒྱུ་རྩལ་གྱི་ཕ་ས།”ཡིན། ན་ནིང་གསར་འགོད་པས་སྡེ་བ་དེ་ལ་བཅར་འདྲི་བྱེད་དུས། སྡེ་བའི་ལས་བྱེད་པ་རྡོ་རྗེ་ཚེ་རིང་གིས་ང་ཚོ་ཁྲིད་དེ་ལྟ་ཞིབ་ཏུ་ཕྱིན། སྡེ་བའི་ཁྱིམ་ཚང་རེ་རེའི་ར་བསྐོར་ནང་དུ་བརྐོས་ཡོད་མེད་ཀྱི་རྡོ་གཡའ་ལེབ་མང་པོ་སྤུངས་འདུག་ལ། ཅུང་ཐག་ཉེ་བའི་ཁྱིམ་ཚང་ཞིག་གི་ར་སྐོར་ནང་དུ་བུད་མེད་ལོ་ཉི་ཤུ་ལ་བུད་པ་ཙམ་ཞིག་གིས་རྡོ་ལེབ་ངོས་སུ་འཕྲེད་ཐིག་ཅིག་འབྲི་བཞིན་འདུག ཁོ་མོས་ལག་ཏུ་བརྐོ་གྲི་དང་ཅུང་མཐུག་པའི་བཙའ་མི་ཆགས་པའི་རྡོ་གཟོང་བཟུང་སྟེ། སྟབས་བདེའི་སྒྲོམ་ཤིང་སྟེང་ལ་བཞག་པའི་ཆོས་དཔེ་སྣ་རིང་ཞིག་ལ་ཁ་གཏད་ནས། འཕྲེད་ཐིག་གི་སྟེང་ལ་ཡི་གེ་བརྐོ་བཞིན་འདུག ཅུང་མ་འགོེར་བར་ཐིག་ཕྲེང་སྔ་མའི་སྟེང་ལ་བོད་ཡིག་གི་མཛེས་ཤིང་མཚར་དུ་མངར་བའི་ཡིག་འབྲུ་བསྟར་བྱུང་། གསར་འགོད་པའི་སེམས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་བུད་མེད་དག་གིས་བསྟན་པའི་ཆོས་ཡིག་མི་བརྐོ་བས། རྩྭ་ཐང་གི་འབྲོག་མིའི་འདི་ལྟ་བུའི་འདུ་ཤེས་འགྱུར་ལྡོག་ལ་ཡ་མཚར་ཏེ། བུད་མེད་དེ་ལ་ཉིན་གཅིག་ལ་རྡོ་ག་ཙམ་བརྐོ་ཐུབ་པ་དྲིས་པ་ན། ཁོ་མོས་སྔ་དྲོ་ནས་ད་ལྟའི་བར་དུ་རྡོ་ལེབ་དྲུག་བརྐོས་ཟིན་ཟེར། གསར་

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།