ན་ནིང་དགུན་ཁར། རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་རྨ་ལ་བཞི་སྡེ་བའི་འབྲོག་པ་མང་ཚོགས་ཀྱིས་རུ་སྤོར་བའི་ལམ་བར་ནས་རྨ་ཆུའི་འགྲམ་དར་བརྡིབས་ཏེ། ནོར་མང་པོ་ཞིག་རྨ་ཆུར་ནུབ། གྲོང་རྡལ་དེའི་ཏང་ཡོན་དྲུག་ཅུ་རེ་བདུན་སྐབས་དེར་མྱུར་དུ་དོན་དག་བྱུང་སར་སོང་ནས་རྨ་ཆུའི་ནང་དུ་ནུབ་པའི་ཕྱུགས་ཟོག་བསྐྱབས་པ་དང་། དུས་ཚོད་བཅུ་བདུན་གྱི་འབད་བརྩོན་བརྒྱུད་ནས་ཆུར་ལྷུང་བའི་ཕྱུགས་ཟོག་བརྒྱ་དང་སོ་གཉིས་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་།
རྨ་སྟོད་རྫོང་གི་ཏང་ཡོན་ལས་བྱེད་པས་མཚོ་ངོས་ལས་མཐོ་ཚད་ལ་མུས་བཞི་སྟོང་ལྔ་བརྒྱ་ཡོད་པའི་མཐོ་སྒང་དུ་དཀའ་ངལ་སྣ་ཚོགས་ཁྱད་དུ་གསོད་ཐུབ་པའི་སྙིང་སྟོབས་བསྐྱེད་དེ། སེམས་སུ་དུས་དང་རྣམ་པ་ཀུན་དུ་འབྲོག་པ་མང་ཚོགས་བཅངས་ཤིང་། རྨ་ཆུའི་མགོ་ཁུངས་སུ་རིགས་སོ་སོའི་མི་རིགས་མཐུན་སྒྲིལ་དང་མཛའ་མཐུན་མཉམ་གནས་ཀྱི་ཡིད་འོང་གི་རི་མོ་ཞིག་འབྲི་བཞིན་མཆིས།
རྨ་སྟོད་ཞེས་པ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་དོན་ཡིན་ཞིང་། རྫོང་དེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟེ་བར་ཆགས་ཡོད། རྫོང་ཡོངས་ཀྱི་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་དང་སྟོང་ལྔ་སུམ་བརྒྱ་ཡོད་ཅིང་། མི་གྲངས་ཁྲི་གཅིག་དང་སྟོང་བཞི་ལྷག་ཡོད་