ཉིན་འདི་འགར། རི་བོ་ཉི་ཟླ་འདབས་ཀྱི་གུང་ཧོ་གཞོང་ས་ནི་འབྲི་ཆུའི་ལྷོ་རྒྱུད་དང་འདྲ་བར། ཉིན་རྒྱུན་ཆར་བ་ཟམ་ཟིམ་དུ་འབབ་པ་རེད། ཉིན་འགའི་རིང་ལ་ནམ་ཟླ་དེ་འདྲ་བཟང་རྒྱུ་མེད་ཀྱང་། བཏུལ་ཐང་གི་བྱེ་གནོད་འགོག་བཅོས་བྱེད་པའི་མི་རྣམས་ལ་མཚོན་ན། དེ་ནི་ཧ་ཅང་དགའ་འོས་པ་ཞིག་རེད། ཁོ་ཚོས་དུས་ཚོད་དམ་འཛིན་གྱིས་བྱེ་སྒང་ཇེ་བརྟན་དུ་གཏོང་བ་དང་རྩྭ་འདེབས་པ། ར་བ་ཞིག་གསོ་བྱས་ནས་བྱེ་སྒང་ཆེན་པོ་འདི་ལ་བཅོས་སྐྱོང་བྱེད་ཀྱིན་འདུག
བཏུལ་ཐང་ནི་ཐན་སྐྱོན་ཆེ་བའི་བྱེ་འགྱུར་རྩྭ་ཐང་དུ་གཏོགས་ཤིང་། ཆིན་རྒྱལ་རབས་ཀྱི་སྐབས་སུ་མིང་ལ་རྡོ་ཐང་ཞོལ་མ་ཞེས་བསྒྱུར་བ་རེད། དེ་དང་འབྲེལ་རྒྱུད་ཀྱི་ས་གྲུ་བཞིའི་བར་དུ་བྱེ་སྒང་ཞིག་ཡོད་པ་དང་། ལོ་རྒྱུན་དུ་ནུབ་བྱང་གི་རླུང་ཆེན་པོ་གཡུགས་པ་ལ་བརྟེན་ནས། བྱེ་སྒང་དེ་རིམ་བཞིན་སྤོ་ནུར་བྱེད་ཀྱིན་འདུག དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་ནང་། བཏུལ་ཐང་མངའ་ཁོངས་ཀྱི་སྤོ་ནུར་བྱེད་པའི་བྱེ་སྒང་གིས་རྒྱལ་ལམ109ལ་གནོད་འཚེ་བཏང་བས། ལམ་སྐྱོང་བཟོ་པས་རྒྱུན་དུ་གཙང་བཟོ་བྱས་ཚེ། ད་གཟོད་གཞུང་ལམ་ཤར་གཏོང་ཐུབ་པ་ཡིན། གུང་ཧོ་རྫོང་གིས་བྱེ་རླུང་འགོག་པའི་ལས་གཞི་ལག་བསྟར་བྱས་པའི་ཚུན་ལ། ས་རྒྱུད་འདིའི་རྩྭ་རའི་སྔོ་ཁེབས་རིམ་བཞིན་ཇེ་ལེགས་སུ་སོང་། རྩ་བ