ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཞང་གཉའ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་འབྲོག་པ་མང་ཚོགས་ཁྲོད་ཀྱི་ཏང་ཡོན་ལྟོས་བཅས་ཀྱིས་གཅིག་བསྡུས་བྱས་ཡོད་པའི་རྩྭ་ཐང་སྟེང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་དང་དམངས་གཙོ་དཔྱད་གླེང་སྐོར་གྱི་ཏང་ཡོན་ཚོགས་འདུ་བསྡུས། དེ་ནི་ཞིང་ཆེན་ཡོངས་ཀྱིས་གདམ་པའི་ཁྱབ་ཁོངས་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་གཞི་རིམ་ཏང་ཡོན་རྩ་འཛུགས་ཀྱིས་བྱ་བ་སྒྲུབ་སའི་ཚོད་ལྟའི་ས་ཁུལ་ལས་ཁུངས་གྲས་ཀྱི་གཅིག་ཡིན་པས་བྱ་བའི་གྲུབ་འབྲས་ལེགས་པོ་ཞིག་ལོན་མིན་ཐད་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།
ཚོད་ལྟ་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉམས་མྱོང་སྤྱི་སྡོམ་བྱེད་པར་ཧུར་བརྩོན་བྱས་པ།
གཉའ་གོང་མ་སྡེ་བ་ནི་མཚོ་སྔོན་གྱི་རྩྭ་ཐང་སྟེང་དཔེ་མཚོན་རང་བཞིན་ལྡན་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་བོད་རིགས་འདུས་སྡོད་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཡོངས་ཀྱི་རྩྭ་ས་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་དང་བརྒྱ་དང་ང་བཞི་དང་གྲངས་ཆུང་བརྒྱད་ཀྱི་སྟ