དབྱར་དུས་ཀྱི་མཐོ་སྒང་གི་མཛེས་ལྗོངས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་ཡོད། གསར་འགོད་པ“རེབ་གོང་སྒྱུ་རྩལ་གྱི་ཕ་སའི”མཚན་སྙན་ཡོད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་ཐོན་པ་དང་། ལྷ་རིས་སྒྱུ་རྩལ་པའི་ཐང་ག་འབྲི་བཞེངས་ལ་བཅངས་བའི་སེམས་འདུན་རྣལ་མ་དེས་གསར་འགོད་པའི་ཡིད་སེམས་བཀུག བོད་ཁུལ་གྱི་བུད་མེད་མང་བོ་ཞིག་གིས་ལྷ་རིས་སྒྱུ་རྩལ་སློབ་སྦྱོང་བྱེད་བཞིན་ཡོད་ལ། ཐང་ག་རེ་རེ་ལས་ཁོ་མོ་ཚོའི་ཕུགས་འདུན་དང་གཟི་བརྗིད་མངོན་འདུག
ད་ལོར་ལོ་ན་ཉེར་དྲུག་ལ་སོན་པའི་གནམ་མཚོ་ཚང་ནི་མཚན་སྙན་ཕྱོགས་བཅུར་ཁྱབ་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་སེང་གེ་གཤོང་མ་མགོ་སྡེ་བར་ཡོད། ལོ་ངོ་སྟོང་ཕྲག་རིང་ལ་ཐང་ག་འབྲི་བཞེངས་ཀྱི་སྲོལ་ཡོད་པའི་སྡེ་བ་ཆུང་ཆུང་དེར་གནམ་མཚོ་ནི་ཕལ་ཆེར་ཐང་ག་འབྲི་བཞེངས་བྱེད་མཁན་གྱི་བུད་མེད་དང་པོར་གྱུར་འདུག གནམ་མཚོ་ལ་ན་ཟླའི་བུ་མོ་གཞན་དག་དང་བསྡུར་ན་ཧ་ཅང་ལྷུན་ཆགས་ཀྱི་གཤིས་ཀ་ཞིག་ལྡན། ཉིན་གུང་གི་ཉི་འོད་ཁྲོད་དུ་རས་གཞིའི་གམ་དུ་བཙོག་སྟེ་ཧ་ཅང་འཇམ་ཤ་དོད་པོའི་སྒོ་ནས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཐང་ག་ཞིག་འབྲི་བཞེངས་བྱེད་ཀྱིན་འདུག
གནམ་མཚོ་ལོ་ན་ཆུང་ངུའི་དུས་ནས་མོའི་ཕ་རྒན་སྒྲོལ་མ་ར