ཁྱོན་རྒྱས་ཞང་བྱིས་གཉོར་ཁང་གི་བྱིས་པ་ཚོར་མི་གཞན་གྱིས་ཁྱོད་ནི་མི་རིགས་གང་ཞིག་ཡིན་ཞེས་དྲིས་ན་གཏན་ནས་མི་དགའ། ངས་བལྟས་ན། ཁོ་ཚོར་མི་རིགས་ཀྱི་དབྱེ་བ་མེད་པར་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་ཞེས་པ་འདི་ནི་རྐང་ཚ་རྫོང་ཁྱོན་རྒྱས་ཞང་ཏང་ཨུའི་ཧྲུའུ་ཅི་སྟག་འབུམ་གྱིས་བཤད་པའི་སྐད་ཆ་རེད།
ཁྱོན་རྒྱས་ཞང་གི་མངའ་འོག་ཏུ་སྲིད་འཛིན་སྡེ་བ་དྲུག་ཡོད་པ་དང་། བོད་དང་། རྒྱ། སོག་པོ། ཧོར། ཏང་ཞང་བཅས་མི་རིགས་དྲུག་ཡོད། རོང་འབྲོག་པ་ཁྱིམ་ཚང་སྟོང་ལྔ་དང་བཞི་བརྒྱ་སོ་གཉིས་ཀྱིས་གྲུབ་པའི་ཁྱིམ་ཚང་ཆེན་མོ་འདིར་མཚོན་ན། ཉིན་ཞ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་བྷོར་མྱོང་ཚོར་ཟབ་མོ་ཡོད་དེ། ད་ལྟ་ཁྱིམ་ཚང་བར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པས། མཐའ་མཇུག་གི་མི་ཚང་མའི་འཚོ་བའི་གོམས་སྲོལ་གཅིག་འདྲ་རུ་འགྱུར་ངེས་ཟེར།
ཡག་མོ་སྡེ་བ་དང་ཞིན་ཆོན་སྡེ་བ་གཉིས་ནི་ཁྱོན་རྒྱས་ཞང་གི་བོད་རྒྱ་མི་རིགས་གཉིས་འདྲེས་སྡོད་བྱས་ཡོད་པའི་སྡེ་བ་ཞིག་ཡིན། ལོ་ངོ་མང་པོའི་རིང་ལ་རྩྭ་ས་རྩོད་གླེང་མང་པོ་བྱུང་བས། སྡེ་བ་གཉིས་ཀྱི་སྡེ་དམངས་བར་ཕར་འགྲོ་ཚུར་འོང་མེད། སྡེ་བ་གཉིས་བར་གྱི་འགལ་བ་ཞི་ལྷོད་དུ་གཏོང་ཆེད། ཞང་ཏང་ཨུ་དང་ཞང་སྲིད་གཞུང་གིས་འབད་པ་གང་མ