རྨ་ཆུ་སྔོན་མོ་གཡུ་འབྲུག་གི་ཟོལ་གྱིས་རྒྱང་རིང་ནས་འཁྱུག་འགྲོས་གར་གྱི་སྟངས་སྟབས་དང་བསྡོངས་ནས་སླེབས་འོངས་ནས། གཅན་ཚའི་ཡུལ་ལྗོངས་སུ་ཐོན་དུས་དེ་ལ་བརྩེ་བའི་དྲོད་ཁོལ་ལྡན་ཞིང་ཞི་འཇམ་གྱི་ཉམས་སུ་མངོན་ཡོང་། རྨ་ཆུ་སྔོན་མོས་གནས་དེ་ནས་བཞུར་རྒྱུན་གཞུང་ཐིག་སྤྱི་ལེ་གོ་དྲུག་གི་གོམ་སྟབས་སྒྱུར་རྗེས། ས་ཕྱོགས་དེའི་ཡུལ་ལྗོངས་ཡོད་ཚད་རྙེད་པར་དཀའ་བའི་དག་པའི་ཞིང་མཆོག་ཅིག་ཏུ་འགྱུར་འདུག་སྟེ། དེ་ནི་རྨ་འགྲམ་ན་ལྷོད་ཀྱིས་ཆགས་པའི་གཅན་ཚ་རྫོང་རེད། གཅན་ཚ་རྫོང་ནི་བསྡོམས་པས་མི་གྲངས་ལྔ་ཁྲི་སུམ་སྟོང་བརྒྱད་བརྒྱ་ཡོད་ལ། དེ་ལས་བོད་རིགས་ཀྱིས་བརྒྱ་ཆའི་དྲུག་བཅུ་རེ་བདུན་ཟིན་ཡོད་པའི་རྫོང་ཆུང་ཆུང་ཞིག་རེད།
བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། གོམ་སྟབས་རྗེས་མར་ཇི་ལྟར་བཅོས་སྒྱུར་གསར་བསྐྲུན་བྱེད་པ་དང་། དར་རྒྱས་སུ་སོང་མེད་པའི་ས་ཁུལ་དེར་ཇི་ལྟར་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྒྱུར་བ། ཇི་ལྟར་གནས་བབ་གསར་བའི་འོག་གི་འཕེལ་རྒྱས་ཀྱི་བརྒལ་མཚམས་མངོན་འགྱུར་བྱེད་པ་བཅས་ཀྱི་ཕྱོགས་ལ། གནས་བབ་གསར་བ་ལས་རིག་ལམ་གསར་བ་དང་འགྱུར་ལྡོག་གསར་བ་མངོན་ཡོང་། རྫོང་གི་གནས་བབ་དང་ཁ་གཏད་དེ་གཅན་ཚས་བཅོས་སྒྱུར་གྱི་ཡང་དག་ཁ་ཕྱོགས་དམ་འཛིན་དང་། ཞིང་ཆེན་ཡོངས་ཀྱི་“ཕྱོགས་ཡོང