ཀུན་གྱིས“དག་ཞིང་གི་ལྷ་མཚོ་”དང་“མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་གི་སྲོག་ཤིང་”དུ་འབོད་པའི་མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་སྟེང་གི་ཆེས་ཆེ་བའི་ཚྭ་ཆུའི་མཚེའུ་ཡིན་ལ། འདས་ཟིན་པ་དང་མ་འོངས་པའི་དུས་ཡུན་རིང་བོ་ཞིག་གི་ནང་ཆུའི་གནས་ཚད་མར་འགྲིབ་ཅིང་། ས་གཞི་བྱེ་ཐང་ཅན་དང་། རྩྭ་རའི་རྩྭ་ཁ་ཉམས་པ། དངོས་རིགས་ཇེ་ཉུང་དུ་ཕྱིན་པ་སོགས་གནད་དོན་མང་པོ་གནས་ཡོད།
མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆུ་བྱ་མང་པོས་རིགས་རྒྱུད་སྤེལ་སའི་གནས་མལ་དང་བརླན་སའི་ཆུ་བྱ་སྲུང་སྐྱོབ་ཁུལ་ཡིན། དེའི་མངའ་ཁོངས་སུ་བྱ་རིགས་ཧ་ཅང་མང་པོ་ཡོད།
མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་ཁུལ་དུ་ཡོད་ལ། རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་ཆུའི་མཚོ་ཡིན། རྒྱལ་སྤྱིའི་བརླན་ས་སྲུང་སྐྱོབ་ཁུལ་བདུན་གྱི་ནང་གི་གཅིག་ཡིན། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཉིས་བརྒྱའི་མཚམས་སུ་ཡོད། མཚོ་ཆུའི་ཁུལ་ན་ཆུ་ཕྲན་ཆེ་ཆུང་སུམ་ཅུ་ཡོད་ལ། མཚོ་འགྲམ་དུ་མཐའ་ཡས་པའི་རྩྭ་ར་དང་ཞིང་ས་གཤིན་པོ། ཕུན་སུམ་ཚོགས་པའི་གཏེར་རྫས་ཐོན་ཁུངས་སོགས་མང་པོ་ཡོད། ཆུ་ཁུངས་འཛོམས་པོ་ཡིན་པས། ཞིང་ལས་དང་ཕྱུགས་ལས་གཉེར་བར་རང་བྱུང་ཆ་རྐྱེན་ལེགས་པོ་ལྡན།
ཉེ་བའི་ལོ་འདི་འགར། མཚོ་སྔོན་པོའི