མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཚན་རྩལ་གསར་སྐྲུན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཏུའུ་ཧྲིན་ཡོན་གྱིས་རྒྱ་སྲང་ནས་འགྲོ་ཞོར་དུ་བཤད་རྒྱུར། ཁྱོད་ཚོས་ལྟོས་དང་། ད་ལྟ་རྐང་ཚའི་ཁྲོམ་སྲང་དུ་གཟན་ཆས་ལས་སྣོན་བྱེད་པའི་མི་ག་ཙམ་ཡོད་ཀི། འདིས་ད་གཟོད་བོད་ལུག་ཕན་འབྲས་མཐོ་བའི་གསོ་སྤེལ་ལག་རྩལ་དེ་རྐང་ཚ་ནས་ཤུགས་ཆེར་ཁྱབ་སྤེལ་བྱས་པ་གསལ་བཤད་བྱེད་ཐུབ། ཕན་འབྲས་མཐོ་བའི་བོད་ལུག་གསོ་སྤེལ་ལག་རྩལ་དེ་ཚོད་ལྟ་གནས་ཁུལ་ནས་རང་དཔེ་གཞན་སྟོན་དང་རྒྱ་ཆེར་ཁྱབ་སྤེལ་བྱས་ནས། མྱུར་དུ་འབྲོག་དམངས་ཕན་ཚུན་འགྲན་རྩོད་ཀྱིས་རང་འགུལ་སྒོས་སློབ་སྦྱོང་བྱེད་པ་ནི་སྲིད་གཞུང་གི་རོགས་སྐྱོར་དང་། ཚན་རྩལ་གྱི་སྣེ་འདྲེན་དང་ཁ་འབྲལ་ཐབས་མེད་ཟེར།
ཉིས་སྟོང་བཅུ་གཅིག་ལོར། ཞིང་ཆེན་ཡོངས་ཀྱིས་རྩྭ་ཐང་སྐྱེ་ཁམས་ཅན་ལ་བྱ་དགའ་སྟེར་བའི་སྲིད་ཇུས་དངོས་འབེབ་བྱས། རྐང་ཚ་རྫོང་གིས་དབྱར་ཁ་དང་སྟོན་ཁར་རྩྭ་ར་མུའུ་ས་ཡ་བཞི་དང་འབུམ་དྲུག་ལ་ཕྱུགས་ཟོག་ས་ཐོག་ཏུ་ཡོང་བ་བཀག་འགོག་བྱས་ཏེ། རྩྭ་ར་མུའུ་ས་ཡ་བཞི་འབུམ་དགུ་ཁྲི་དྲུག་དང་སྟོང་བརྒྱད་དྲུག་བརྒྱ་ལ་རྩྭ་ཕྱུགས་དོ་མཉམ་ལག་བསྟར་བྱས། ཇི་ལྟར་བྱས་ན་རྩྭ་ར་འགོག་ཅིང་གསོ་སྤེལ་བྱེད་པ་མི་འགོག་པ། ཕྱུགས་ཟོག་ཇེ་ཉུང་དང་ཡོང་སྒོ་ཇེ་མང་གི་ཐབས་ལམ་འཚོལ་རྒ