ཉེ་ལམ། ཞིང་ཆེན་སྲིད་གཞུང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། ད་ལོ་ནས་བཟུང་རང་ཞིང་གིས་ཞིང་སྡེའི་རྒན་གསོ་འགན་སྲུང་གསར་བ་དང་གྲོང་ཁྱེར་སྡོད་དམངས་ཀྱི་རྒན་གསོ་འགན་སྲུང་མཉམ་དུ་བསྒྲིལ་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་ནས་གཅིག་གྱུར་ཡིན་པའི་མཁར་གྲོང་སྡེ་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་ལམ་ལུགས་འཛུགས་རྒྱུ་བསྒྲགས།
བཅོས་བསྒྱུར་བྱེད་ཐབས་འདི་ལག་བསྟར་བྱེད་པ་ནི། རང་ཞིང་གིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རྣམ་གྲངས་གཙོ་བོ་ཞིག་ཡིན་པ་དང་། རང་ཞིང་གི་ལས་བཟོ་པ་དང་མཁར་གྲོང་སྡོད་དམངས་རྣམས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་གི་གཞི་རྩའི་ལམ་ལུགས་འདི་གཉིས་ཀྱི་སྟེགས་བུ་ཆགས་པ་མཚོན་ཡོད། ལམ་ལུགས་འདི་ལག་བསྟར་བྱས་རྗེས། མཁར་གྲོང་གི་རྒན་གསོ་འགན་སྲུང་དང་འབྲེལ་བའི་ལམ་ལུགས་ཀྱི་འདྲེས་ཚད་སྔར་ལས་མཐོ་བ་དང་ལམ་ལུགས་བར་གྱི་འབྲེལ་མཐུད་རང་བཞིན་སྔར་ལས་བཟང་། དེ་བས་འགན་སྲུང་ལམ་ལུགས་ནང་ཞུགས་པའི་མང་ཚོགས་ལམ་ལུགས་མ་ལག་ལེགས་བསྒྱུར་དང་འཐུས་ཚང་དུ་བཏང་བའི་ནང་ཕན་ཁེ་སྔར་ལས་མང་པོ་ཐོབ་ཐུབ། 《ལག་བསྟར་བསམ་འཆར》གྱི་ནང་དོན་གཙོ་བོའི་ནང་དུ་གཤམ་གྱི་ཕྱོགས་བཅུ་འདུས་ཡོད་དེ།
འགན་སྲུང་ནང་ཞུགས་པའི་ཁྱབ་ཁོ