ཟླ་བདུན་པའི་ཡུས་ཧྲུའུ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན་པར་མ་ཟད། ལོ་གཅིག་གི་ནང་གནས་སྐོར་བ་ཆེས་མང་བའི་དུས་ཚིགས་ཤིག་ཀྱང་རེད།
སྐྱེ་དགུ་གྲོང་རྡལ་གྱི་སྲང་ལམ་དང་། ཡངས་པའི་ལམ་ཆེན། མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པོའི་སྡོད་ཁུལ། རྒྱལ་ནང་གི་ཇུས་འགོད་མཁན་རྩེ་གྲས་ཀྱིས་ཇུས་འགོད་བྱས་པའི་རིག་གནས་གནས་སྐོར་སྒྲིག་ཆས། ད་དུང་མགྲོན་ལ་དགའ་བ་དང་། གར་ལ་མཁས་པའི་བོད་རིགས་མང་ཚོགས་ཀྱིས་ཁྱེད་ལ་གནས་འདིར་ཆགས་པའི་སེམས་ཁམས་ཞིག་ངང་གིས་བསྐྱེད་འོང་།
གནས་འདི་ནས་ང་ཚོས་ལོ་གསུམ་ཡུན་གྱི་བསྐྱར་འཛུགས་ལམ་བུ་མཐོང་ཐུབ་པ་དང་། ཡུས་ཧྲུའུ་ཡིས་མིའི་རིགས་ཀྱི་གནོད་འགོག་རྒུད་སྐྱོབ་ལོ་རྒྱུས་སྟེང་གི་བསྐྱར་སྐྲུན་སླར་གསོའི་རྗེས་ཤུལ་དེ་གསར་སྐྲུན་བྱས་ཡོད།
བློ་ཡུལ་ལས་འགོངས་བའི་གསར་སྐྲུན་གྱི་ལྟག་རྒྱབ་ན་རྒྱལ་ཡོངས་རིགས་སོ་སོའི་མང་ཚོགས་ཀྱིས་ཡོད་ཚད་ཕངས་མེད་དུ་སྦྱིན་ནས་རྒྱབ་སྐྱོར་བྱས་ཡོད་པས། སྒོར་མོ་ཟུར་གཅིག་ དང་། ལས་གཞི་རེ་རེས་མི་དམངས་ཀྱི་རེ་བ་མཚོན་པར་བྱས་ཡོད་ཅིང་། བསྐྱར་འཛུགས་ཀྱི་དུས་རིམ་རེ་རེ་སྔར་ལས་ལྷག་པའི་སྒོ་ནས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། མ་དངུལ་དང་ལས་གཞི་རེ་རེ་ལ་ལྟ་རྟོག་ནན་མོ་བྱེད་པ་ནི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་ལས་ཁུང