ཟླ་བརྒྱད་པའི་མགོ་ལོག་རྩྭ་ཐང་ནི་སྔོ་ལྗང་གཡུ་ཡི་མནྜལ་ཞིག་དང་ཀུན་ནས་མཚུངས་ལ། ཆར་བ་ཟམ་ཟིམ་གྱི་ཁྲོད་དུ་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཡར་སྐུལ་ཚོགས་པའི་ཡུལ་དངོས་ལྟ་སྦྱོང་བ་འཁོར་དང་བཅས་པ་དར་ལག་རྫོང་འོད་ཟེར་ཞང་བྲག་མཆོག་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་སླེབས་ཏེ། འབྲི་མོའི་འོ་མ་ཐོན་སྐྱེད་བྱེད་སར་ལྟ་སྐོར་བྱས། ཕྱུགས་ལས་གསོ་སྤེལ་བྱེད་ས་རུ་ནོར་གནག་ལ་ཤ་ཤེད་རྒྱས་ཤིང་། དལ་ལྷོད་ལྷོད་ངང་རྩྭ་སའི་སྟེང་གཟན་ལ་རོལ་བཞིན་འདུག་ལ། ནོར་ལུག་གི་ཤ་དང་འོ་བཟོས་ཐོན་རྫས་ལ་མི་ཚང་མས་བསྟོད་བསྔགས་ཚད་མེད་ཐོབ།
བྲག་མཆོག་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དེ་ཉིས་སྟོང་བཅུ་ལོར་བཙུགས་པ་དང་། ད་ལྟ་དེའི་ཁོངས་སུ་ཕྱུགས་ལས་མཉམ་ལས་ཁང་གསུམ་ཡོད་པ་དང་། འབྲོག་ཁྱིམ་ཉིས་བརྒྱ་དང་བཅུ་བདུན་ཁྲོད་ཀྱི་འབྲོག་པ་ཁྱིམ་ཚང་བརྒྱ་དང་ཉེར་གཉིས་མཉམ་ལས་ཁང་དུ་ཞུགས་ཤིང་། མཉམ་ལས་ཁང་དུ་ཞུགས་པའི་ཚད་བརྒྱ་ཆའི་ང་དྲུག་ལྷག་ལ་སླེབས་ཡོད་ཅིང་། ཕྱུགས་ལས་དཔལ་འབྱོར་གྱི་སྤྱིའི་ཡོང་སྒོ་སྒོར་མོ་ས་ཡ་བཞི་དང་འབུམ་གཉིས་ཁྲི་གསུམ་མངོན་འགྱུར་བྱས་ཡོད། འོད་ཟེར་ཞང་གི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པའི་གནས་ཚུལ་ལྟར་ན། མཉམ་ལས་ཁང་གིས་མ་རྐང་ལམ་ལུགས་ཀྱི་ལས་