$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.10.10 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ཞེན་ཧེ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཧན་ཧྲིན་ལུའུ་ཚང་ལ་རྩྭ་ར་མུའུ་སྟོང་བཞི་དང་མུས་གྲུ་བཞི་མ་ཉིས་བརྒྱ་བཞི་བཅུ་ཅན་གྱི་དྲོད་ཁང་གཅིག་དང་། སྐྱེས་ནས་ཟླ་བཞི་ནས་དྲུག་འགོར་བའི་ལུ་གུ་སུམ་བརྒྱ་བརྒྱད་བཅུ་བཅས་ཡོད། ཧན་ཧྲིན་ལུའུ་ཡིས་བཤད་པ་ལྟར་ན། ལུ་གུ་འདི་དག་གི་ལྗིད་ཚད་ཟླ་དྲུག་གི་ནང་ལ་སྤྱི་རྒྱ་སུམ་ཅུ་ལྷག་ལ་བུད་ཡོད་པ་དང་། ད་ལོའི་རིན་གོང་ལྟར་ན་ལུ་གུ་རེར་སྒོར་བརྒྱད་བརྒྱ་ནས་དགུ་བརྒྱ་ལྷག་ལ་བཙོང་ཐུབ་པས་ཡོང་སྒོ་ཧ་ཅང་བཟང་ཟེར། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་རྐ་ཆུ་སྡེ་བའི་དཔེ་སྟོན་ཁྱིམ་ཆེན་སུན་ཡུན་ཁོས་ཀྱིས་ཕན་མཐོའི་གསོ་སྤེལ་ལག་ཏུ་བསྟར་རྗེས། མ་མོ་གཅིག་གྱུར་གྱིས་སྡེབ་པ་དང་ལུ་གུ་མཉམ་དུ་རྩེབས་པས། གསོན་ཚད་སྔོན་ཆད་ཀྱི་བརྒྱ་ཆའི་བརྒྱད་བཅུ་ཡས་མས་ནས་ད་ལྟའི་བརྒྱ་ཆའི་དགུ་བཅུ་ལ་སླེབས་པ་དང་། སྐྱེས་ནས་ཟླ་དྲུག་འགོར་བའི་ལུ་གུ་གཅིག་གི་ལྗིད་ཚད་སྤྱི་རྒྱ་སོ་ལྔ་རུ་ཐོན་ཐུབ་ཅིང་། ལུ་གུ་གཅིག་ལ་སྒོར་ཉིས་བརྒྱ་རེའི་ཡོང་སྒོ་ཡོད། སྔོན་ཆད་ལུག་ཉིས་བརྒྱའི་ཁེ་སྤོགས་ནི་སྒོར་ཁྲི་གཅིག་ཡིན་པ་དང་། ད་ལོའི་ལུག་ཉིས་བརྒྱ་ཡི་ཁེ་སྤོགས་ནི་སྒོར་ཁྲི་ལྔ་རེད། སྔོན་ཆད་མཉམ་ལས་ཁང་གི་འབྲོག་པ་རེའི་ཟླ་རེའི་ཡོང་སྒོ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།