ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བ་དེ་ཞིང་ཕྱུགས་ལས་ཀྱི་བདག་གཉེར་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་དང་། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཏུ་བརྩིས་ཏེ། སྲིད་ཇུས་དང་མ་དངུལ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། མཛུབ་སྟོན་ཞབས་ཞུའི་བྱ་བ་ཇེ་དྲག་ཏུ་བཏང་བས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། འཕེལ་རྒྱས་གཞི་ཁྱོན་སྔར་ལས་ཇེ་ཆེར་གྱུར་ཏེ། སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་བྱུང་།
2013ལོའི་བར་དུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྟོང་ལྔ་དང་ལྔ་བརྒྱ་གོ་གཅིག་ཏུ་འཕར་བ་དང་། མཉམ་ལས་ཁང་དུ་ཞུགས་པའི་ཁོངས་མི་འབུམ་གསུམ་ཁྲི་གསུམ་ཏུ་བསླེབས་ཤིང་། ཁོངས་མི་མིན་པའི་རོང་འབྲོག་ཁྱིམ་ཚང་འབུམ་གཉིས་ཁྲི་ལྔ་ལ་སྐུལ་ཁྲིད་བྱས། ཁྱད་པར་དུ་འབྲོག་ཁུལ་གྱི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་བརྒྱད་བརྒྱ་གྱ་གསུམ་གྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། མཉམ་ལས་ཁང་དེ་ཞིང་ནགས་དང་ཕྱུགས་ལས། ཉ་ལས། ཞབས་ཞུ་