མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལན་རྫོང་པན་ཆེན་ཤངས་སྡེ་གྲོང་རྡལ་གྱི་ཞང་དང་གྲོང་རྡལ་གང་ཡིན་ཡང་། མི་རིགས་མཐུན་སྒྲིལ་སྐོར་གླེང་ན། ལས་བྱེད་པ་དང་མང་ཚོགས་ཚང་མས་འདས་ད་ལྟ་གཉིས་བསྡུར་ནས་བཤད་པ་དང་། དེས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་གྲོང་རྡལ་ཆུང་བ་དེ་དབུལ་བོ་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གཏམ་རྒྱུད་ཅིག་བརྗོད་ཀྱིན་ཡོད་ལ། དེའི་ནང་དུ་ཏུང་ཧྲན་སྡེ་བའི་གཏམ་རྒྱུད་དེ་ཆེས་དཔེ་མཚོན་རང་བཞིན་ལྡན་པ་ཞིག་རེད། ད་ལྟ་ཁྱིམ་ཚང་ལྔ་བརྒྱ་ཡོད་པའི་ཏུང་ཧྲན་སྡེ་བ་དེ་རུ་རྒྱ་རིགས་དང་། བོད་རིགས། ཧོར་རིགས། ཧོས་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པ་དང་། སྡེ་མི་མང་ཆེ་ཤས་ནི་མཚོ་ཤར་ས་ཁུལ་ནས་གནས་སྤར་ཏེ་ཡོང་བ་ཞིག་རེད། གནས་སྤོ་སྡོད་དམངས་ཀྱི་སྡེ་བ་གསར་བ་ཞིག་ཡིན་པ་དང་། དེའི་ཁར་མི་མང་བ་དང་ས་རྒྱ་ཆུང་བས། སྔོན་ལ་གནས་འདིར་ཡོད་པའི་ཧྲེ་དང་ཧྲེ་ཡི་བར་དང་། མང་ཚོགས་བར་དུ་རྒྱུན་དུ་འགལ་བ་བྱུང་བཞིན་ཡོད་པ་རེད། དཔེར་ན་དུས་རྒྱུན་ས་རྩོད་པ་དང་། ཆུ་རྩོད་པ་སོགས་ཀྱི་སྣང་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད་ཅིང་། གྲོང་རྡལ་ལས་བྱེད་པ་དང་། སྡེ་བའི་ལས་བྱེད་པས་ཐེངས་མང་པོར་བྱ་བ་མང་པོ་སྒྲུབ་ཀྱང་ཕན་འབྲས་མ་ཐོབ་པས། དེ་ནི་གྲོང་རྡལ་གྱི་གནད་དོན་ཡོད་པའི་སྡེ་བ་ཞིག་