ན་ནིང་གི་ཚུན་དུ་རང་ཞིང་གིས་ཡོང་སྒོ་དམའ་བའི་སྡོད་དམངས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་སྡུར་བྱེད་པའི་ནང་རྐྱེན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་ཡར་ཞུ་བྱས་པའི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས། མ་མཐའི་འཚོ་བའི་འགན་སྲུང་གི་ཞིང་བསྡུར་ལམ་ལུགས་ལ་སྐུལ་འདེད་བྱས་པ་བརྒྱུད། “ངོ་སོའི་འགན་སྲུང”དང“འབྲེལ་བའི་འགན་སྲུང”“ལྐོག་ལེན་འགན་སྲུང”སོགས་ཀྱི་སྣང་ཚུལ་ནུས་ལྡན་སྒོས་བཀག་སྡོམ་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་མངོན་གསལ་དང་དྲང་གཞག དྲང་བདེན་ཡོང་བར་ཁག་ཐེག་བྱས། རྒྱལ་ཡོངས་ཀྱི་སྡོད་དམངས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བསྡུར་བྱེད་པའི་བྱ་བའི་ཉམས་མྱོང་བརྗེ་རེས་དང་ཞིབ་བསྡུར་ཆ་འཕྲིན་མ་ལག་འཛུགས་སྐྲུན་གྱི་སྐུལ་སྤེལ་ཚོགས་འདུའི་སྟེང་ཚོགས་ཞུགས་པ་རྣམས་ཀྱིས་མཚོ་སྔོན་གྱི་མ་མཐའི་འཚོ་བའི་འགན་སྲུང་ལ་ཞིབ་བསྡུར་བྱེད་པའི་ནང་རྐྱེན་འཛུགས་སྐྲུན་བྱེད་པའི་ཐད་ཕན་འབྲས་ཐོབ་པ་དང་མདུན་གྲས་སུ་ཚུད་ཡོད་པས། དཔེ་སྟོན་ནུས་པ་བཟང་པོ་ཞིག་ཐོན་ཡོད་ཟེར།
དམངས་སྲིད་པུའུ་ཡི་ཐུགས་ཁུར་དང་མཛུབ་སྟོན་འོག རང་ཞིང་གིས་སྡོད་དམངས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་སྡུར་བྱེ