མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། “རྨང་གཞི་གསུམ”འཛུགས་སྐྲུན་དེ“གནས་ལྔ་གཞི་གཅིག”གི་ཏང་གི་འཛུགས་སྐྲུན་གྱི་སྤྱི་ཁྱབ་བཀོད་སྒྲིག་ཁྲོད་བཞག་ནས་སྐུལ་འདེད་བྱེད་པ་དང་། གཞི་རིམ་གྱི་ཞང་དང་གྲོང་བརྡལ་སྡེ་ཁག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་སྲུང་ལ་སྐུལ་འདེད། སྡེ་དམངས་རང་སྐྱོང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པར་སྐུལ་འདེད། སྡེ་དམངས་རང་སྐྱོང་རྩ་འཛུགས་ཀྱི་སྣེ་ཁྲིད་པར་སྐུལ་འདེད། གཞི་རིམ་གྱི་སྡེ་ཁག་སོ་སོས་ཕན་ནུས་ཇེ་དྲག་དང་འགན་འཁྲི་གསལ་བོ། དོ་དམ་ལ་ཤུགས་སྣོན་པ་སོགས་ལ་སྐུལ་འདེད་བཏང་ནས། “རྨང་གཞི་གསུམ”གྱི་འཛུགས་སྐྲུན་བྱ་བ་སྣ་ཚོགས་དངོས་འབེབས་བྱས།
ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས་རྗེས། མཚོ་ལྷོ་ཁུལ་ཨུས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས། “གཞི་རིམ་ཞབས་འདེགས་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་དང་། ཞང་དང་གྲོང་བརྡལ་རྩ་འཛུགས་ཀྱི་འཁོར་རྒྱུག་ནང་རྐྱེན་ཚད་ལྡན་དུ་གཏོང་བ། གཞི་རིམ་བྱ་བའི་སྟོབས་ཤུགས་བརྟན་བརླིང་དང་འཐུས་ཚང་དུ་གཏོང་བ་བཅས་ལ་ཤུགས་སྣོན་པ”སོགས་ཞིབ་འཇུག་བརྗོད་གཞི་བཅུ་བདུན་ལ་དམིགས་ན