གསུམ་པ། ཞིང་པ་ཞོར་ལས་པའི་ངལ་རྩོལ་འགན་སྲུང་ཁེ་དབང་ཤུགས་ཆེན་པོས་སྲུང་སྐྱོབ་བྱེད་དགོས།
བདུན། ཞིང་པ་ཞོར་ལས་པའི་ངལ་རྩོལ་མི་བཀོལ་དོ་དམ་ཚད་ལྡན་གྱི་སྒོ་ནས་བཀོལ་སྤྱོད་བྱེད་དགོས། མི་བཀོལ་སྡེ་ཁག་དང་ཞིང་པ་ཞོར་ལས་པའི་བར་ལ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་དགོས་པར་མ་ཟད་ལག་བསྟར་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། ངལ་རྩོལ་འཁོར་རྒྱུགས་ཆེ་ཞིང་དུས་ཚིགས་རང་བཞིན་དྲག་པ། དུས་ཡུན་ཐུང་བ་བཅས་ཀྱི་ཞིང་པ་ཞོར་ལས་པའི་ཁྲོད་སྟབས་བདེ་བའི་ངལ་རྩོལ་གན་རྒྱ་འགོད་པ་ཁྱབ་གདལ་དུ་གཏོང་དགོས། ཁེ་ལས་ཆུང་རིགས་ཀྱི་བདག་གཉེར་མཁན་ལ་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ཐད་ཀྱི་གསོ་སྦྱོང་བྱེད་དགོས། ངལ་རྩོལ་པ་ཕྱིར་གཏོང་དང་བཀོལ་སྤྱོད་བྱེད་པའི་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས། འཛུགས་སྐྲུན་ཁྱབ་ཁོངས་ནང་ཁྲིམས་དང་འགལ་ནས་འགན་གཙང་སྤྲོད་དང་འགན་ཁག་བགོ་བྱེད་པའི་བྱ་སྤྱོད་གཙང་སེལ་བྱེད་དགོས། ཁྱིམ་སྐྱོང་ཞབས་ཞུའི་ཁྱད་ཆོས་དང་མཐུན་པའི་ངལ་རྩོལ་མི་བཀོལ་སྲིད་ཇུས་དང་ངལ་རྩོལ་ཚད་གཞི་འཐུས་ཚང་དུ་གཏོང་དགོས། ངལ་རྩོལ་མི་བཀོལ་ཐད་ཀྱི་ཐོ་འགོད་སྙན་སེང་དང་ལས་ཚུད་དང་ལས་ཤོར་ཐོ་འགོད། སྤྱི་ཚོགས་ཉེན་སྲུང་ཐོ་འགོད་བཅས་ཧྲག་སྡེབ་བྱས་ཏེ། ཁེ་ལས་ཀྱིས་ཞིང་པ་ཞོར་ལས་པ་བཀོལ