ཉི་ཤུ། ཞིང་པ་ཞོར་ལས་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཞིང་པ་ཞོར་ལས་པ་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་ཁྲོད་བཞག་ནས། དཔེ་མཛོད་ཁང་དང་རིག་གནས་ཁང་། འགྲེམ་སྟོན་ཁང་སོགས་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་རྣམས་ཞིང་པ་ཞོར་ལས་པར་རིན་མ་བླངས་པར་འདྲ་མཉམ་གྱིས་སྒོ་འབྱེད་པར་སྐུལ་འདེད་བྱེད་དགོས། “ལྟ་བ་གཉིས་དང་འཇུག་པ་གཅིག”སྟེ་ཚགས་པར་ལ་ལྟ་བ་དང་བརྙན་འཕྲིན་ལ་ལྟ་བ་ཆ་རྐྱེན་ལྡན་ན་དྲ་བར་འཇུག་པའི་བྱ་འགུལ་སྤེལ་ཏེ། ཞིང་པ་ཞོར་ལས་པ་ཧུར་བརྩོན་གྱིས་དམངས་ཡོངས་ཀྱི་ཀློག་འདོན་བྱ་འགུལ་ནང་ཞུགས་པར་ཁྲིད་སྟོན་བྱེད་དགོས། ཞིང་པ་ཞོར་ལས་པ་འདུས་སྡོད་བྱས་ཡོད་པའི་ས་ཆར་སྟབས་བདེ་ཞིང་སྤྱོད་གོ་ཆོད་པའི་རིག་གནས་ལུས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་འཆར་འགོད་བྱེད་དགོས། སྡེ་ཁུལ་གྱི་རིག་གནས་བྱ་འགུལ་ཁང་དང་སྤྱི་གླིང་། གྲོང་ཁྱེར་གྱི་ཐང་ཆེན་སོགས་བེད་སྤྱད་དེ། དུས་རྒྱུན་རང་བཞིན་གྱི་མང་ཚོགས་རིག་རྩལ་བྱ་འགུལ་སྤེལ་བ་དང་། ཞིང་པ་ཞོར་ལས་པ་དང་གྲོང་ཁྱེར་སྡོད་དམངས་བར་འགྲོ་འོང་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པར་སྐུལ་མ་གཏོང་དགོས། དཔེ་སྟོན་རང་བཞིན་གྱི་ཞིང་པ་ཞོར་ལས་པའི་རིག་གནས་བྱ་འགུལ་སྤེལ་དགོས། ཁེ་ལས