མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་འཛུགས་བསྐྲུན་བྱེད་པ་ནི་ཡུན་རིང་གི་ཐབས་ཇུས་དམིགས་འབེན་ཞིག་ཡིན་པ་མ་ཟད། རྩ་བ་བརྟན་པ་འགུལ་སྐྱོད་དུ་བསྒྱུར་བ། ཡུན་རིང་བརྟན་འཇགས་ཟིལ་ཤུགས་སུ་མངོན་པ། སྲིད་སྐྱོང་ལས་རིགས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་རླབས་ཆེན་གྱི་འགུལ་སྐྱོད་ཅིག་ཀྱང་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་འདོད་བློ་དང་ཡང་མཐུན། ང་ཚོས་འཛུགས་སྐྲུན་ལས་རིགས་འདི་ལས་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་གོང་འཕེལ་དང་རྒྱུན་འཁྱོངས་བྱ་བ་རྩ་བར་བཟུང་ནས། རྒྱུན་མཐུད་བརྟན་སྲུང་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྣམ་པ་གསར་བ་མངོན་དུ་འཇུག་དགོས།
གསར་སྐྲུན་བྱ་བ་ལས་མགོ་བརྩམས་པ་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་གྱུར་བྱས་ཏེ། ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་། ཏང་དང་སྲིད་གཞུང་གིས་མཉམ་དུ་དོ་དམ་བྱེད་པ། རྩ་འཛུགས་སྒོས་མཐུན་སྒྲིལ་གསར་སྐྲུན་དང་། འབྲེལ་ཡོད་སྡེ་ཁག་གིས་རང་སར་འགན་འཁུར་བ། སྤྱི་ཚོགས་ཡོངས་ནས་ཐུན་མོང་གིས་ཟབ་ཞུགས་བྱེད་པ་བཅས་ཀྱི་ལས་གཞིའི་རྣམ་པ་གྲུབ། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ནས། ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཡར་སྐུལ་དང་། བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ནས་འགལ་ཟླ་ཡོད་ཚད་ཞི་བར་བྱེད་པ། སྤྱི་བའི་ཞབས་ཞ