$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.12.18 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

བཏུལ་ཐང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་ཤར་ལྷོའི་ཕྱོགས་སུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་མུའུ་ས་ཡ་བཞི་དང་འབུམ་བཞི་ཁྲི་གསུམ་ལྷག་ཡོད་ཅིང་། རྨ་ཆུ་སྔོན་མོའི་ལྷོ་ནུབ་ནས་ཚ་རྔ་འགག་བརྒྱུད་དེ་ཤར་ཕྱོགས་སུ་བཞུར་བ་དང་། ཡངས་ཤིང་ཆེ་བའི་གུང་ཧོ་རྫོང་གཞོང་ས་གཞོགས་གཉིས་སུ་བཅད་དེ། ནུབ་བྱང་རྒྱུད་ནི་བཏུལ་ཐང་དང་། ཤར་ལྷོའི་རྒྱུད་ནི་མུ་གེ་ཐང་ཡིན། དེ་སྔ་གནས་དེ་ནི་རྩྭ་ཆུ་འཛོམས་ཤིང་མཁའ་དབུགས་དྭངས་པའི་རང་བྱུང་གི་ཕྱུགས་ར་ཞིག་སྟེ། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བའི་ནང་། བཏུལ་ཐང་དུ་སྐྱེས་པའི་ཕྱུགས་རྩྭས་རྟ་ནོར་ལུག་གསུམ་ཡིབ་ཐུབ་ལ། ལྷུང་ལྷུང་དུ་བཞུར་བའི་ཆུ་རྒྱུན་དྭངས་མོ་དང་མཐོང་དཀོན་པའི་ཕྱུགས་རིགས་སྣ་ཚོགས་བག་ཡངས་སུ་རྒྱུ་ཞིང་། འབྲོག་པ་ཚོས་སྙན་ཞིང་འཇེབས་པའི་རི་གླུ་བླངས་ནས་རྩྭ་ཐང་དེ་རུ་ལྷིང་འཇགས་ཀྱི་འཚོ་བ་རོལ་མྱོང་། ཡིན་ཡང་ལོ་རབས་བདུན་པར་སླེབས་པ་ན། རང་བྱུང་མཁའ་དབུགས་ཀྱི་འགྱུར་ལྡོག་དང་ས་རྒོད་བསློགས་ནས་ཕྱུགས་འཚོ་བ་སོགས་རྒྱུན་རྐྱེན་དུ་མས་བཏུལ་ཐང་གི་ས་ཞིང་བྱེ་འགྱུར་ཚད་ཉིན་རེ་བཞིན་ཚབས་ཆེན་དུ་གྱུར་ཏེ། རྩྭ་ས་ཞན་འགྱུར་དང་ས་ཆུ་ཤོར་བ། བྱེ་སྣ་ལྷོ་ཕྱོགས་ནས་ཁྱབ་སྟེ་རྨ་ཆུའི་ཕྱོགས་སུ་འཇབ་རྒོལ་བྱེད་པ་བཅས་ཀ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།