ཀོས་ནན་རྫོང་ཐར་ཤུལ་ཞང་དུ་ཐོན་པ་ན། མིག་ལམ་དུ་མངོན་པ་ནི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོ་ཞིག་རེད། དགུན་ཁའི་དགོང་ཁའི་ཉི་ཟེར་འོག བྲེགས་ཟིན་པའི་གཟན་རྩྭར་གསེར་མདོག་འཕྲོ་བཞིན་ཡོད་ཅིང་། ཁྱུ་དང་ཁྱུ་བྱས་པའི་ནོར་ལུག་དང་བསྡམ་མ་གཅིག་རེ་བྱས་པའི་རྩྭ་དོས་གང་སར་ཁེངས་འདུག རྩྭའི་བང་མཛོད་དུ་གྲགས་པའི་ཀོས་ནན་རྫོང་གི་རྩྭའི་ཐོན་ལས་ལ་ད་ལོ་ཡང་ལོ་ལེགས་བྱུང་།
ཕྱུགས་ལས་གཙོ་བོ་ཡིན་པ་དང་། ཞིང་ཕྱུགས་ཟུང་དུ་འབྲེལ་བའི་ཀོས་ནན་རྫོང་དུ་བསྡོམས་པས་རང་བྱུང་རྩྭ་ས་མུའུ་ས་ཡ་བརྒྱད་ཡོད། མིས་རྩྭ་འདེབས་པའི་ས་ཆ་མུའུ་འབུམ་གསུམ་ཡོད་ལ། གཞན་ད་དུང་ས་མུའུ་འབུམ་བཞི་ལ་ནས་དང་ལོག་དཀར་འདེབས་བཞིན་ཡོད། གཟན་རྩྭའི་ཐོན་ཁུངས་ནི་རྫོང་ཡོངས་ཀྱི་ཁྱད་སྟོབས་ལྡན་པའི་ཐོན་ཁུངས་གཅིག་རེད།
2010ལོར། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཏེ་ཞིང་ཆེན་ཡོངས་སུ་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས། གཟན་རྩྭ་དང་གཟན་རྩྭའི་ཐོན་ལས་དེ་ཀོས་ནན་རྫོང་དུ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། མིག་སྔར། རྫོང་ཡོངས་སུ་མིས་རྩྭ་འདེབས་ས་མུའུ་འབུམ་གཉིས་དང་ཁྲི་བརྒྱད་ལྷག་ཡོད་པ་དང་། ཐོན་ཚད་སྤྱི་རྒྱ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ཡོད། ལོ་རེར་ས་མུའུ་ཁྲི་དྲུག་དང་སྟོང་བཞི་ལྷག་གི་སྟེང་ཡུག་པོ་འ