$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2015.01.20 ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།
0
0

ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོས་སྤྱི་ལོའི་ལོ་གསར་སླེབས་པར་དགའ་བས་བསུ་མ་བྱས་པ་དང་། སྐབས་དེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ཁུག་ཞང་ཁ་སྒང་སྡེ་བའི་བཀྲ་སྐྱིད་ཀྱིས་ཁྱིམ་མི་ཡོངས་ལ་དགོང་ཟས་དྲངས་ཏེ་མགྲོན་པོ་དང་ཁྱིམ་མི་ཡོངས་ལོ་གསར་གྱི་དགོང་ཟས་ལ་རོལ། རང་ཉིད་ཀྱིས་ཀྱང་ཧབ་ཟ་འགའ་བྱས་རྗེས་ཁྱིམ་མི་ཚོ་དང་ཁ་བྲལ་ཏེ་ལམ་དུ་ཆས། ཁོ་མོས་ཁུག་མའི་ནང་བཅུག་པའི་སློབ་ཆུང་ལོ་རིམ་དང་པོའི་སྟོད་ཆའི་བོད་ཡིག་བསླབ་དེབ་དང་ལས་བྱ་འབྲི་དེབ། སྨྱུ་གུ་སོགས་སློབ་སྦྱོང་གི་ཡོ་ཆས་དག་ལ་གྲངས་བཤེར་ལེགས་པོ་ཞིག་བྱས་རྗེས་དགའ་ལྷང་ལྷང་གིས་སྒོ་ཕྱི་རུ་བུད་དེ་སློབ་གྲྭའི་ཕྱོགས་སུ་སོང་།

སྡེ་བའི་མཚན་མོ་ནི་མག་མོག་གི་ཟླ་བའི་འོད་ཟེར་གྱིས་གཡོགས་ལ། གསལ་ལ་མི་གསལ་བའི་འོད་སྣང་ཞིག་ཨར་འདམ་གྱིས་བཟོས་པའི་ལམ་བུའི་སྟེང་དུ་འཕྲོས་འདུག རྒྱང་རིང་གི་ཁྱིའི་ཟུག་སྐད་ཀྱང་མཚམས་མི་ཆད་པར་རྣ་ལམ་དུ་བརྒྱུད་ཡོང་། སྡེ་བའི་གཞུང་ཁང་ཐབས་ཆག་གི་ར་བའི་ནང་དུ། གློག་སྒྲོན་བཀར་ཡོད་པའི་ཁང་མིག་ཆུང་ཆུང་དེའི་ནང་དུ་བོད་ཡིག་གི་དབྱངས་གསལ་སྦྱོར་ཀློག་བྱེད་པའི་སྒྲས་ཁེངས་འདུག

རྨིད་གྲུ་བཞི་མ་བཅུ་ལྷག་ཡོད་

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།