2014ལོར། གུང་ཧོ་རྫོང་གིས་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་འཕེལ་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཧུར་ཐག་གིས་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་དང་ཁྱད་ལྡན་ཁྱད་སྟོབས་ཐོན་ལས་ཇེ་རྒྱས་སུ་གཏོང་བ། མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ། སྐྱེ་ཁམས་ཕྱུགས་ལས་དམ་འཛིན་བྱེད་པ། མང་ཚོགས་ཀྱི་ཡོང་སྒོའི་སྟེང་ཕན་ཡོད་བྱ་བ་བསྒྲུབས་སྟེ། ཞིང་ཆེན་ཞིང་ཕྱུགས་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གི་འབྲེལ་མཐུད་ནུས་ཤུགས་སྔར་ལས་ཇེ་ཆེར་བཏང་བ་དང་། དུས་ཐོག་ཏུ་ཆ་འཕྲིན་རྒྱུས་ལོན་དང་། མི་སྣ་རྩ་འཛུགས་བྱས་ཏེ་འཆར་འགོད་སྒྲིག་སྦྱོར་དང་དེ་མིན་སྙན་ཞུའི་དུས་སྔོན་གྱི་བྱ་བ་སྣ་ཚོགས་བསྒྲུབས་པས། རྩྭ་ཐང་འཛུགས་སྐྲུན་དང་ཞིང་ལས་འཛུགས་སྐྲུན། ཕྱུགས་ལས་འཛུགས་སྐྲུན། ཚན་རྩལ་གསོ་སྦྱོང་། གཏན་སྡོད་ཁང་བ་འཛུགས་སྐྲུན་སོགས་རིགས་ཆེན་པོ་ལྔའི་ལས་གཞི་སོ་བརྒྱད་དང་། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་དངོས་འབེབ་བྱས་པས། གུང་ཧོ་རྫོང་གི་ཞིང་ཕྱུགས་ལས་བདེ་ཐང་དང་རྒྱུན་མཐུད་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱས་པ་མ་ཟད། བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བས། རྫོང་ཡོངས་ཀྱི་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་དང་། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཇེ་མཐོར་འགྲོ་བར་རྨང་གཞི་བརྟན་པོ་བཏིང་།
རྒྱུས་ལོ