དང་པོ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་མི་ཐེངས་དང་ཡོང་སྒོའི་ཐད་ཐོད་བརྒལ་ཆེན་པོ་བྱུང་།
2014ལོར་ཞིང་ཆེན་ཡོངས་ནས་རིམ་བསགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་བྱེ་བ་གཉིས་ལྷག་སྣེ་ལེན་བྱས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་དྲུག་འཕར་ཞིང་། ལོ་ཧྲིལ་བོའི་འཆར་འགོད་ཀྱི་བརྒྱ་ཆའི་བརྒྱ་ཡོངས་སུ་གྲུབ། གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་ཉིས་བརྒྱ་གཅིག་མངོན་དུ་བསྒྱུར་བ་དང་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་གསུམ་གྲངས་ཆུང་བདུན་འཕར་ཡོད་ལ། ལོ་ཧྲིལ་བོའི་འཆར་འགོད་ཀྱི་བརྒྱ་ཆའི་བརྒྱ་དང་གཅིག་ཡོངས་སུ་གྲུབ། དེའི་ནང་ཞིང་ཆེན་གཞན་པའི་གནས་སྐོར་པ་མི་ཐེངས་བྱེ་བ་གཅིག་ལྷག་སྣེ་ལེན་བྱས་པ་དང་། ཞིང་ཆེན་ཡོངས་ནས་སྣེ་ལེན་བྱས་པའི་གནས་སྐོར་སྤྱིའི་གྲངས་ཀྱི་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་བརྒྱད་ཟིན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སུ་གཏན་དུ་ཕབ་པའི་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར་བརྒྱ་དང་གྱ་བཞི་མངོན་དུ་བསྒྱུར་བའི་དམིགས་འབེན་ཚད་བརྒལ་སྒོས་ཡོངས་འགྲུབ་བྱས།
གཉིས་པ།གནས་སྐོར་བཅོས་སྒྱུར་འཕེལ་རྒྱས་ལ་ཡར་སྐུལ་བྱས་ནས་གནས་སྐོར་གྱི་འཚོ་སྟོབས་དང་སྒུལ་ཤུགས་བསླངས་བ།<