རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ་མི་དང་རང་བྱུང་འཆམ་མཐུན་སྒོས་འཕེལ་རྒྱས་ཡོང་བར་བྱེད་པ་ནི། མཚོ་སྔོན་པའི་ཕུགས་མདུན་ཡིན་ལ། ཀྲུང་ཧྭའི་ཆུ་མཛོད་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན། སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བ་དེ། ཐོག་མའི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་བདུན་གྱི་མཉམ་ལས་ཁང་གི་ཚོད་ལྟ་ནས་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་བརྒྱད་བརྒྱ་གྱ་གསུམ་དུ་ཡོངས་སུ་ཁེབས་པ་དང་། དེ་ནས་ད་ལྟའི་སྡེ་བ་དགུ་བརྒྱ་རེ་གཅིག་དང་འབྲོག་པ་ཁྱིམ་ཚང་འབུམ་གཅིག་ཁྲི་གཅིག་སྟོང་ལྔར་ཕན་ཁེ་ཐོབ་སྟེ། མཚོ་སྔོན་གྱིས་སྒྲིག་སྲོལ་ནང་རྐྱེན་ཐད་རང་ས་གནས་ཀྱི་དོན་དངོས་དང་མཐུན་པའི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་བ་ཞིག་བཏོད་པ་རེད།
འདས་པའི་ལོ་བདུན་གྱི་རིང་ལ། མཚོ་སྔོན་གྱིས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསད་དེ། རྒྱལ་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་ལས་ཐོག་མར་མ་རྐང་ལམ་ལུགས་དང་ཁྱིམ་འབྲེལ་ལམ་ལུགས། ཁྱིམ་ཚང་མང་པོའི་ལམ་ལུགས། འཚོ་ཚབ་ལམ་ལུགས་སོགས་ཕྱུགས་ལས་ཐོན་ཁུངས་བསྐྱར་སྒྲིག་གི་ནང་རྐྱེན་གསར་བ་གསར་སྐྲུན་བྱས་པ་མ་ཟད་ལག་ལེན་བྱས།
ནང་སྒོས་སུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ས