རྩྭ་ཐང་གྲོང་རྡལ་གྱིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་གླུ་གཞས་དབྱངས་ལ་གྱེར།
མཁར་དམར་གྲོང་རྡལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་ཤར་ལྷོའི་ཕྱོགས་སུ་གནས་ཡོད་ཅིང་། མཚོ་སྔོན་གྱི་བྱང་ཕྱོགས་ནས་ཀན་སུའུ་ཞིང་ཆེན་གྱི་རྨ་ནུབ་རྒྱུ་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན། གནའ་སྔ་མོར་དེ་ནི་ཀྲུང་གོའི་ལོ་རྒྱུས་སུ་ལྷོ་ཕྱོགས་ཀྱི་དར་གོས་ཚོང་ལམ་མཚོ་སྔོན་ནས་ནུབ་ཕྱོགས་སུ་བསྐྱོད་པའི་ཚིགས་མལ་གལ་ཆེན་ཞིག་ཡིན། ད་བར་དུ། སེའི་རྒྱལ་རབས་དང་ཐང་རྒྱལ་རབས་སྐབས་ཀྱི་མཁར་ཟུར་གསུམ་མ་དང་ཡོན་རྒྱལ་རབས་སྐབས་ཀྱི་མཁར་དམར་གནའ་མཁར་སྔར་བཞིན་ཆགས་ཡོད།
སྟོན་ཁའི་དུས་སུ། མུ་མཐའ་བྲལ་བའི་མཁར་དམར་རྩྭ་ཐང་གི་རྩྭ་ཆུ་འཛོམས་ཤིང་ཕྱུགས་ལ་ཤ་ཤེད་རྒྱས་ཡོད།
འགྲིམ་འགྲུལ་སྟབས་བདེ་བའི་འགྱུར་དགོན་སྡེ་བ་རུ་གཞི་རྒྱ་ཧ་ཅང་ཆེ་བའི་སྔོ་རྩྭ་གསོག་འཇོག་བྱེད་སའི་རྟེན་གཞི་དེ་གཞུང་ལམ་གྱི་འགྲམ་དུ་བཙུགས་ཡོད་ཅིང་། སྡེ་བའི་སྡེ་དཔོན་བུན་གུག་སྒོར་བུད་དེ་མགྲོན་པོར་བསུ་མ་བྱས། ཁོ་ཚང་གི་རྣམ་པ་གསར་བའི་ལྕགས་རིགས་ཀྱིས་ལས་པའི་ཁང་བ་དེ་ཡངས་པའི་རྩྭ་ཐང་གི་དབུས་ན་གསལ་ལྷང་ངེར་འདུག
ཁང་བའི་ནང་གི་ཅ་ལག་ཕལ་ཆེར་གྲོང་ཁྱེར་གྱི་སྡོད་དམངས་དང་འདྲ་མཚུངས་རེད། རྒུན་འབྲ