སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་གོང་སྤེལ་དང་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་འགྲོ་བ་མངོན་འགྱུར་བྱས་ལ། སྐྱེ་ཁམས་ཁ་གསབ་བྱ་དགའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་རྩྭ་ཕྱུགས་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་དང་། ཕྱུགས་ཇེ་ཉུང་བཏང་རུང་མང་ཚོགས་ཀྱི་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱས་པས། རྩྭ་ཐང་གི་ཕྱུགས་ལས་སྤུས་ཚད་ཕན་འབྲས་ཅན་གྱི་ཕྱོགས་སུ་བསྒྱུར། ཕྱུགས་ཟོག་མང་བ་དང་རྩྭ་ས་ཉུང་བའི་ས་ཁུལ་དང་། ཕྱུགས་ཟོག་དང་རྩྭ་ས་གཉིས་ཀ་མང་བ་དེ་དག་ཕྱུགས་སྤྱི་ཁང་ནས་གསོ་བའི་རྣམ་པར་བསྒྱུར། ས་ཁུལ་ཁ་ཤས་ནས་ཚོང་ར་ཆུང་ཆུང་གསར་འབྱེད་བྱས་ཏེ་ཁུལ་ཕྱི་ནང་གི་ཚོང་ར་ཆེན་པོའི་ཕྱོགས་ལ་བསྒྱུར་བས།“འཕོ་འགྱུར་ཆེན་པོ་གསུམ” ལག་བསྟར་བྱས། མགོ་ལོག་ཁུལ་ཡོངས་ནས་རྒྱ་ཁྱོན་ལ་ས་མུའུ་བྱེ་བ་ལྔ་ས་ཡ་དྲུག་འབུམ་བདུན་ཁྲི་གཅིག་ལ་ཕྱུགས་བཀག་པ་དང། ས་མུའུ་བྱེ་བ་གསུམ་ས་ཡ་བདུན་འབུམ་གཅིག་ཁྲི་གཉིས་ལ་ཕྱུགས་རྩྭ་དོ་མཉམ་ཡོང་བར་བྱས། རྩྭ་རའི་ཤོང་ཚད་ལ་བརྒལ་བའི་ལུག་འབུམ་དྲུག་དང་ཁྲི་བརྒྱད་ལྷག་ཇེ་ཉུང་དུ་བཏང་བ། ས་མུའུ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་ལྔའི་སྟེང་དུ་གཟན་རྩྭ་བཏབ་པས། ལོ་རེར་གཟན་རྩྭ་མུའུ་འབུམ་ལྷག་འདེབས