འཁོད་ས་ཐང་སྡེ་བར་འབྱོར་རྗེས། གཅན་ཚ་རྫོང་དབུལ་སྐྱོར་ཅུས་ཀྲང་སྐལ་བཟང་གིས་བཤད་རྒྱུར། དེ་སྔོན་གྱི་འཁོད་ས་ཐང་སྡེ་བ་ནི་རི་མཐོ་ལུང་ཟབ་དང་། རང་བྱུང་གནོད་འཚེ་མང་བས། འཚོ་བའི་ཁོར་ཡུག་ཧ་ཅང་ཞན། སྡེ་མི་ཚང་མ་གནས་སྤར་རྗེས་དེ་སྔོན་གྱི་གནས་དེ་བེད་མེད་དུ་བསྐྱུར་བ་རེད། ད་ལྟ་འཁོད་ས་ཐང་སྡེ་བ་རྨ་ཆུའི་ཤར་འགྲམ་ན་གནས་ཡོད་ལ། སྡེ་བ་ཡོངས་སུ་ཁྱིམ་ཚང་བརྒྱད་ཅུ་གྱ་བཞི་ཡོད་པ་དང་། ཞིང་ས་མུའུ་བཞི་བརྒྱ་ལྔ་བཅུ་ཡོད་པའི་གནས་སྤོས་སྡེ་བ་ཞིག་ཡིན།
བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་ཤར་རེ་རེར་ནི་ཚོན་མདངས་རྣམ་པར་བཀྲ་ལ། སྣུམ་ལམ་གྱི་བར་དུ་ལམ་སྒྲོན་གྲལ་དག་པར་བསྒྲིགས་ཤིང་། ཨར་འདམ་གྱིས་ལས་པའི་ཐང་ཆེན་ཏུ་ལུས་སྦྱོང་ཡོ་བྱེད་ནི་ཆ་འཛོམས་ཡང་འཛོམས་རེད། བྱིས་པ་ཚོས་འུར་ཟིང་སྒྲོག་བཞིན་རྩེད་འཇོར་གཡེང་བཞིན་འདུག་ལ། དམངས་ཕན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་སློབ་ཆུང་གི་སློབ་ར་ནི་མཛེས་ཤིང་སྡུག་པ་ཞིག་རེད། གསར་དུ་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་དེ་ཤར་ཕྱོགས་ཀྱི་རིའི་གཉའ་རྒྱུད་དེ་རྒྱང་རིང་ཏུ་འཐེན་འདུག་ལ། སྔོ་ཞིང་དྭངས་པའི་རྨ་ཆུ་ཀྱག་ཀྱོག་གིས་ལྷོ་ཕྱོགས་སུ་བཞུར་གྱིན་པ་དེ་ནི་ལྗང་མདོག་གི་དར་གོས་ཡུག་གཅིག་རྒྱང་དུ་འཐེན་པ་དང་གཉིས་སུ་མ་མཆིས།
ང་ཚོ་འཁོད་ས་ཐང་སྡེ་