$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2015.04.21 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

རྨ་ཆེན་རྫོང་གིས་མཁར་གྲོང་གཞུང་ལམ་ཐད་མ་དངུལ་ཇེ་མང་དུ་བཏང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ། ན་ནིང་འཛུགས་སྐྲུན་བྱ་དགོས་པའི་མཁར་གྲོང་གི་གཞུང་ལམ་ཉེར་བཞི་ཇེ་མང་དུ་བཏང་བ་དང་། འཛུགས་སྐྲུན་བྱས་པའི་ལམ་ཐག་སྤྱི་ལེ་སོ་ལྔ་རུ་བསླེབས་པས། མཁར་གྲོང་གི་གཞུང་ལམ་དྲ་བ་ཕལ་ཆེར་འཛུགས་སྐྲུན་བྱས་ཚར།

རྨ་ཆེན་རྫོང་གིས2014ལོར་འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་བཅུ་དངོས་འབེབས་བྱས་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་། གཙོ་བོ་ནི་འཛུགས་སྐྲུན་གྱི་ལམ་ཐག་སྤྱི་ལེ་དོན་ལྔ་ཡོད་པའི་ཨ་མྱེས་རྨ་ཆེན་གངས་རིར་བསྐོར་བའི་གཞུང་ལམ་དང་། འཛུགས་སྐྲུན་གྱི་ལམ་ཐག་སྤྱི་ལེ་སོ་བདུན་ཡོད་པའི་རྟ་བོ་ནས་གྱང་རིང་བར་གྱི་གཞུང་ལམ། ཆ་སྡེབ་ཟམ་པ་འབྲིང་བ་བདུན་དང་ཆུང་བ་གསུམ་གྱི་ལས་གཞིའི་སྤྱིའི་རིང་ཚད་ལ་མུས་ལྔ་བརྒྱ་བརྒྱད་ཡོད་པའི་བཟོ་འགོད་ཚང་མ་ལེགས་འགྲུབ་བྱུང་། ཟམ་པ་ཆུང་བ་གསུམ་ལ་ཞིབ་བཤེར་རྩིས་ལེན་བྱས་ཏེ་སྤྱོད་མགོ་བརྩམས་ཤིང་། ཟམ་པ་འབྲིང་བ་བདུན་ལ་འཆར་གཞི་ལྟར་སྤུས་ཀར་ཞིབ་བཤེར་ཚད་ལེན་བྱས་རྗེས། 2015ལོའི་ལོ་སྟོད་དུ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རེད། རྡོ་རྩེག་ནས་ཙ་གུ་བར་གྱི་གཞུང་ལམ་སྲ་བསྒྱུར་བཟོ་འགོད་དང་སྤྱི་ལེ་བཅ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།