མིན་ཡོན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་སྤེལ་བའི་ཁྲོད་དུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དེ་འགག་རྩ་བྱས་ཏེ། "གཞི་གསུམ་འཛུགས་སྐྲུན"གཙོ་བོར་བྱས་ནས་རྫོང་ཡོངས་སུ“ཏང་ཡོན་གདོང་ལེན་ལས་རྐང”ཞེས་གསར་སྐྲུན་བྱ་འགུལ་སྤེལ་བས། མིན་ཡོན་རྫོང་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གསར་སྐྲུན་བྱ་བ་དེ་དུས་རིམ་གསར་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་མངོན་གསལ་ཐོབ།
མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་སྤེལ་བའི་ཐད་གྲུབ་འབྲས་བཟང་བོ་ཐོབ་མིན་དེ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་འབྲེལ་བ་དམ་པོ་ཡོད། རྫོང་ཏང་ཨུས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས། མགོ་ཁྲིད་པ་གཙོ་བོ་ཞང་གྲོང་དང་སྡེ་ཁག་ལས་རིགས་སུ་སོང་ནས་མི་རེ་རེ་བྱས་ནས་གླེང་མོལ་བྱེད་པ་དང་བཞུགས་མོལ། བརྗེ་རེས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་རྗེས། «རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཁྲོད་དུ"ཏང་ཡོན་གདོང་ལེན་རུ་ཁག"དང"ཏང་ཡོན་གདོང་ལེན་ལས་རྐང"བྱ་འགུལ་སྤེལ་བའི་སྐོར་གྱི་ལག་བསྟར་འཆར་གཞི»ཞིབ་འཇུག་