ཟླ་བཞི་བའི་དཔྱིད་རླུང་བསིལ་བསིལ་ལྡང་བའི་ཉིན་ཞིག་གི་ཕྱི་དྲོ། གསར་འགོད་པ་ཨ་མྱེས་རྨ་ཆེན་གངས་རིའི་འདབས་སུ་ཆགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཞང་གི་དོམ་ཆེན་སྡེ་བར་ཕྱིན། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དཔལ་ཁོས་ང་ཚོའི་ཡོང་དོན་ཤེས་རྗེས། སྡེ་བའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དུ་ཁྲིད་པའི་ལམ་ནས་སྡེ་བའི་གནས་ཚུལ་མཚམས་སྦྱོར་བྱས།
ཁོས་ཁོ་ཚོར་སྡེ་བ་ཡོངས་སུ་ཁྱིམ་ཚང་ཉིས་བརྒྱ་ཉེར་དྲུག་དང་མི་གྲངས་བརྒྱད་བརྒྱ་གོ་བདུན་ཡོད་པ་དང་། རྩྭ་ས་མུའུ་འབུམ་བཞི་ཁྲི་ལྔ་ཡོད་པའི་ནང་བེད་སྤྱོད་ཆོག་པའི་རྩྭ་ས་མུའུ་འབུམ་བཞི་ཡོད་པར་བཤད་ལ། སྡེ་བའི་ནང་དུ་ཏང་ཡོན་དྲུག་ཅུ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་སྟོང་གཉིས་ཡན་ལ་སླེབས་ཡོད་ཚུལ། 1999ལོར་དང་2009ལོར་དོམ་ཆེན་སྡེ་བ་སྔ་གཞུག་ཏུ་ཐེངས་གཉིས་ལ་ཀྲུང་དབྱང་བསམ་པའི་དཔལ་ཡོན་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་གསར་སྐྲུན་བྱ་བའི་སྔོན་ཐོན་སྡེ་ཁག་སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་། 2013ལོར་དོམ་ཆེན་སྡེ་བར་ཡང་བསྐྱར་རྫོང་རིམ་པའི་དཔལ་ཡོན་སྡེ་བའི་གཟི་བརྗིད་མཚན་སྙན་ཐོབ་ཟེར།
མེ་འཁོར་མགྱོགས་མིན་མེ་འཁོར་གྱི་མགོ་ལ་ཐུག་ཡོད་ཅེས་པའི་དཔེ་ལྟར། དུ