ཐུན་མོང་མ་ཡིན་པའི་ས་གཤིས་ཁོར་ཡུག་དང་དམངས་སྲོལ་ཡུལ་སྲོལ་ལས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་གནས་སྐོར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། གནས་སྐོར་པའི་ཐོན་ཁུངས་ཀྱི་ཚོང་ཁྲོམ་མི་འདྲ་བས་དགོས་མཁོ་མི་འདྲ་བ་བསྐངས་ཏེ། མཚོ་སྔོན་བོད་ཁུལ་གྱི་གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་འབྱུང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས། གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ནི་ས་ཆ་སོ་སོའི་མི་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ནུས་ཤུགས་གཙོ་བོར་གྱུར་ཅིང་། སྤྱི་ཚོགས་དང་དཔལ་འབྱོང་གོང་དུ་སྤེལ་བ་དང་མཐུན་སྒྲིལ་བརྟན་བརླིང་ཡོང་བར་ཡར་སྐུལ་བྱེད་པའི་ནུས་ལྡན་གྱི་ཐབས་ལམ་ཞིག་ཏུའང་གྱུར་ཡོད།
2000ལོར་མཚོ་སྔོན་ནས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་ས་ཡ་གསུམ་འབུམ་གཉིས་ལྷག་སྣེ་ལེན་བྱས་ཏེ། གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་བཅུ་ལྷག་མངོན་འགྱུར་བྱས། 2010ལོར་མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་བྱེ་བ་གཅིག་ས་ཡ་གཉིས་ལྷག་སྣེ་ལེན་བྱས་པ་དང་གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་དོན་གཅིག་ལྷག་མངོན་འགྱུར་བྱས། 2014ལོར་མཚོ་སྔོན་གྱིས་གནས་སྐོར་པ་མི་ཐེངས་བྱེ་བ་གཉིས་ལྷག་སྣེ་ལེན་བྱས་ཏེ་གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་